当前位置:首页 > 新闻动态 > 通知公告 > 藏医养生保健专委会第二届换届大会的通知
藏医养生保健专委会第二届换届大会的通知
2019-08-28
点赞
收藏
热度:1609
༄༅༎མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་ པའི་སྐབས་བརྗེ་དང་རིག་གཞུང་བགྲོ་གླེང་ཚོགས་འདུའི་བརྡ་སྦྱོར།
འབྲེལ་ཡོད་ཀྱི་ལས་ཁུངས་རྣམ་པར་ཞུ་རྒྱུར།
༼རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ལུགས་གསོ་རིག་བྱ་གཞག་གི་རོགས་སྐྱོར་དང་སྐུལ་འདེད་འཕེལ་རྒྱས་ཐད་ བཏོན་པའི་བསམ་འཆར་འགའ།༽དང་༼རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྲུང་ལུགས་གསོ་རིག་གི་ ནད་གཞི་སྔོན་འགོག་བདེ་སྲུང་ཞབས་ཞུ་ལག་བསྟར་སྐོར་གྱི་བསམ་འཆར།༽༼མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ ལུགས་གསོ་རིག་འཕེལ་རྒྱས་ཀྱི་འཐབ་ཇུས་འཆར་བཀོད་མདོ་དོན་ལག་བསྟར་བྱས་པའི་བསམ་འཆར།༽བཅས་ དོན་འཁྱོལ་མཐར་ཕྱིན་ཡོང་ཆེད།བོད་ཀྱི་གསོ་བ་རིག་པ་ལས་ནད་མེད་ཚེ་བསྲིང་གི་བདེ་སྲུང་ཐབས་ལམ་དང་ ལག་རྩལ་གསར་གཏོད་རྒྱུན་འཛིན།ནད་མེད་ཚེ་བསྲིང་གི་ཞབས་ཞུར་སྐུལ་འདེད།གཞན་ཞིབ་འཇུག་བརྒྱུད་བོད་ལུགས་གསོ་རིག་ལས་ནད་མེད་ཚེ་བསྲིང་གི་ལས་རིགས་ཚད་གཞི་གཏན་འབེབས་བྱ་རྒྱུ།ནད་མེད་ཚེ་བསྲིང་ཚད་ ལྡན་ངང་ཁྱབ་སྤེལ་དང་དྲིལ་བསྒྲགས་བྱ་ཆེད།ཉིས་སྟོང་བཅུ་དགུ་ལོའི་ཟླ་བཞི་བའི་ཚེས་བཅུ་གཉིས་ནས་བཅུ་ གསུམ་ཉིན་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ནད་མེད་ཚེ་བསྲིང་ ཆེད་ལས་ཚོགས་པའི་སྐབས་བརྗེ་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོག་འཆར་ཡོད་པས་ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་ནད་མེད་ཚེ་བསྲིང་གི་ཆེད་ལས་མི་སྣ་དང་སྨན་བཅོས་ལས་ཁུངས་ཀྱི་འགན་འཛིན་མི་སྣ།ནད་མེད་ཚེ་བསྲིང་ཚན་ཁག་གི་ལས་མི།ལག་རྩལ་རྐང་འཛིན་པ།རིག་གཞུང་འདི་ལ་དགའ་མོས་བྱེད་མཁན།ཚན་ རིག་ཞིབ་འཇུག་གི་ལས་ཀ་སྒྲུབ་མཁན་རྣམས་ཐེངས་འདིའི་ཚོགས་འདུར་ཞུགས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ།
འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར་ཡིན།
དང་པོ། རྩ་འཛུགས་སྡེ་ཁག
གཙོ་སྒྲུབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
འགན་སྒྲུབ་ལས་ཁུངས། ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པ།
རོགས་སྒྲུབ་ལས་ཁུངས། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ནད་མེད་ཚེ་བསྲིང་ཞིབ་འཇུག་ཁང་།
གཉིས་པ། ཚོགས་འདུའི་ཁ་བྱང་།
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པའི་སྐབས་བརྗེ་དང་རིག་ གཞུང་བགྲོ་གླེང་ཚོགས་འདུ།
གསུམ་པ། ཚོགས་འདུའི་ནང་དོན།
༡ ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པའི་ཨུ་ཡོན་བརྗེ་སྤོར་བྱ་རྒྱུ།
༢ ཆེད་ལས་མཁས་པས་ནད་མེད་ཚེ་བསྲིང་གི་ཆེད་ལས་མི་སྣར་སྦྱོང་བརྡར་སྤྲོད་རྒྱུ།
༣ ནད་མེད་ཚེ་བསྲིང་གི་ད་ལྟའི་གནས་བབས་དང་མ་འོངས་པར་ཁ་གཏད་དེ་དབྱེ་ཞིབ་གཏིང་ཟབ་བྱ་རྒྱུ།
༤ བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་ཚན་ཁག་འཛུགས་པར་ཉམས་མྱོང་བརྗེ་རེས་བྱ་རྒྱུ།
༥ བོད་ལུགས་གསོ་རིག་གི་ལུས་ཀྱི་རང་བཞིན་བགར་བཤེར་གྱི་རེའུ་མིག་གསལ་བསྒྲགས་བྱེད་པ།
༦ མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ནད་མེད་ཚེ་བསྲིང་ཆེད་ཚན་ལ་བལྟ་སྐོར་བྱ་རྒྱུ།
བཞི་བ། དུས་ཚོད་དང་ས་གནས། འབྲེལ་གཏུགས་བྱེད་ཡུལ།
ཚོགས་འདུའི་དུས་ཚོད། ༢༠༡༩.༤.༡༢-༢༠༡༩.༤.༡༣ (ཟླ་བཞི་པའི་ཚེས་བཅུ་གཉིས་ཉིན་མིང་ཐོ་འགོད་རྒྱུ།)
མིང་ཐོ་འགོད་ས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།
ཚོགས་འདུའི་ས་གནས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བཞི་ཐོག་གི་ཚོམས་ཁང་།
འབྲེལ་གཏུགས་ཁ་པར། པདྨ་རྣམ་རྒྱལ། 18097115551
པདྨ་ལྷུན་གྲུབ། 13897589198
ལྔ་བ། ཚོགས་འདུའི་གྲོན་དངུལ།
ཚོགས་རིན་མི་རེར་སྒོར་༣༠༠ ཡིན། སྡོད་གནས་དང་ལམ་རིན་སོགས་མི་རང་ཉིད་ཀྱིས་གཏོང་དགོས།
དྲུག་པ། ཚོགས་འདུའི་འབྱོར་ཐོ།
ལས་ཁུངས་སོ་སོའི་ཟླ་བཞི་བའི་ཚེས་བརྒྱད་ཀྱི་སྔོན་ལ་ཚོགས་འདུར་ཞུགས་པའི་ཐོ་ཡིག66068757@qq.comགྱི་ཡིག་སྒམ་ནང་དུ་བསྐུར་རོགས།
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
༢༠༡༩ལོའི་ཟླ༣པའི་ཚེས༢༥ཉིན།
༢༠༡༩ལོའི་ཟླ༣པའི་ཚེས༢༥ཉིན།
关于召开藏医养生保健专业委员会第二届换届大会暨学术研讨会的通知
各有关单位:
为贯彻落实《国务院关于扶持和促进中医药事业发展的若干意见》和《国家中医药管理局关于积极发展中医预防保健服务的实施意见》及《青海省关于贯彻中医药发展战略规划纲要(2016-2030)的实施意见》等文件精神,继承创新藏医养生保健方法和技术,促进藏医养生保健服务,研究制定藏医养生保健行业标准,规范保健养生推广和宣传,我会计划于2019年4月12-13日在西宁市召开“藏医养生保健专业委员会第二届换届大会暨学术研讨会”,热诚欢迎全省从事藏医养生保健工作及医疗机构负责人、治未病专科从业人员、技术骨干、学术爱好者、科研工作的同仁积极参会。
现将有关事项通知如下:
一、组织机构
主办单位:青海省藏医药学会
承办单位:青海省藏医药学会藏医养生保健专业委员会
协办单位:青海大学藏医学院藏医养生保健学研究室
二、会议名称:
藏医养生保健专业委员会第二届换届大会暨学术研讨会
三、会议内容
1.藏医养生保健专业委员会第二届换届大会;
2.邀请专家对藏医养生保健学内涵进行培训;
3.邀请专家对藏医养生保健的现状与未来做深入解析
4.藏医治未病专科建设经验交流;
5.对藏医体质辨识量表的制定和判定标准进行经验交流
6.参观青海省藏医院治未病专科.
四、会议时间、地点
会议时间:2019年4月12日-2019年4月13日(4月12日报名)
报名地点:青海省藏医院(西宁市南山路东97号)
会议地点:青海省藏医院多功能学术厅
五、联系方式、邮箱地址
1、联系人:
完么安建 18097115551
万玛楞智 13897589198
2. 邮 箱:66068757@qq.com
六、会议费用:
会务费300元/人,住宿、交通费用自理。
七、回执(见附件一)
请各单位将参会人员及推荐藏医养生保健专业委员会委员的报名回执单于4月8日前发给会议联系人,本次会议可发电子版回执,也可邮寄纸质版回执。
青海省藏医药学会
2019年3月25日
2019年3月25日