༄༅།། མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གི་རིག་གཞུང་བསམ་བློ་དང་ལག་ལེན་རྒྱུད་འཛིན་གྱི་བགྲོ་གླེང་ཚོགས་འདུའི་བརྡ་སྦྱོར།
འབྲེལ་ཡོད་ལས་ཁུངས་ལ་ཞུ་དོན།
      དེ་ཡང་བོད་ཀྱི་གསོ་བ་རིག་པར་མཁྱེན་རྒྱ་ཡངས་ཤིང་མི་ཚེ་ཧྲིལ་བོར་ནད་ཐོག་ལག་ལེན་ལ་གཞོལ་བའི་རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གི་ལོ་རྒྱུས་དང་། སྨན་གྱི་འདུལ་སྦྱོང་། སྨན་ངོ་ངོས་འཛིན། ནད་ཐོག་བསམ་གཞིགས་སོགས་མན་ངག་ལག་ལེན་དང་བླ་མེད་ཀུན་སྤྱོད། རིག་གཞུང་བསམ་བློ་བཅས་ལ་སྔར་ལས་ལྷག་པར་གཏིང་ཟབ་པས་ཞིབ་འཇུག་དང་ཉམས་མྱོང་ལག་ལེན་ཁྱབ་སྤེལ་དུ་གཏོང་ཆེད། ད་ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་གནའ་མཁར་ཟི་ལིང་དུ་བགྲོ་གླེང་གི་ཚོགས་འདུ་ཞིག་གཏན་དུ་འཁེལ་པས་ཕྱོགས་སོ་སོ་ན་བཞུགས་པའི་གསོ་རིག་ཆེད་མཁས་པ་དང་། བླ་སྤྲུལ། མཁན་ཆེན། དགེ་རྒན་ ཆེན་མོ།   ཆེད་རམས་ཞིབ་འཇུག་པ་བཅས་རྒྱུན་དུ་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་དང་ཕྱག་ལས་ཉམས་ཞིབ་གནང་བཞིན་པའི་མི་སྣ་མང་པོ་ཞིག་ལྷན་དུ་འཛོམས་ནས་གོང་གི་བརྗོད་གཞིར་འཚམས་པའི་ནང་དོན་སྐོར་ནས་འཆད་ཁྲིད་དང་། དཔྱད་བརྗོད། བགྲོ་གླེང་བཅས་བྱེད་རྒྱུ་ཡིན་པས་ཁྱེད་རྣམས་དུས་ལྟར་ཕེབས་པར་ཞུ།
      རྩོམ་ཡིག་བསྐུར་དུས་ཐུགས་མཉམ་འཇོག་དགོས་པ་ནི།
      དང་པོ། དཔྱད་རྩོམ་གྱི་ནང་དོན།
      ༡ རྒྱལ་སྨན་སློབ་དཔོན་ཆེན་མོ་ཉི་མ་མཆོག་གི་རིག་གཞུང་བསམ་བློ་དང་ཀུན་སྤྱོད།
      ༢ ས་གནས་སོ་སོའི་སྨན་རྫས་ངོས་འཛིན་སྐོར།
      ༣ ནད་ཐོག་ཞིབ་འཇུག
      ༤ དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ཁྱད་ཆོས་དང་ནད་ཐོག་རིན་ཐང་།
      ༥ སྔོན་བྱོན་མཁས་དབང་ཚོས་བོད་ཀྱི་གསོ་རིག་ལ་ཐོན་པའི་ནུས་པ།
      གཉིས་པ། རྩོམ་བསྡུའི་ཆ་རྐྱེན།
      ༼༡༽ལུང་ཁུངས་བཙུན་ཞིང་རང་ལུགས་གསལ་བ། ཡིག་ཆ་ཚད་ལྡན་ཡིན་པ། སྡོམ་རྩིས་མ་ནོར་བ། ལག་ལེན་ལ་བེད་སྤྱོད་ཀྱི་རང་བཞིན་ཡོད་པ།
      ༼༢༽ཡིག་རིགས་བོད་རྒྱ་དབྱིན་གསུམ་གང་རུང་ཡིན་ཆོག་ལ་དཔྱད་རྩོམ་ཡིག་འབྲུའི་གྲངས་བཞི་སྟོང་ཡས་མས་དང་ནང་དོན་གནད་བསྡུས་ལ་ཡིག་འབྲུ་ལྔ་བརྒྱ་ལས་བརྒལ་མི་རུང་།   ཡིག་རིགས་གང་ ཡང་MicrosoftWord  A4པར་ངོས་ཡིན་དགོས། བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་དང་། དབྱིན་ཡིག་དང་གྲངས་ཀའི་ཡིག་  གཟུགསTimes New Romanཡིན་དགོས།
      ༼༣༽དཔྱད་རྩོམ་ལ་རྩོམ་བྱང་དང་། ནང་དོན་གནད་བསྡུས། ཐ་སྙད་གཙོ་བོ། རྩོམ་གྱི་སྦྱོར་དངོས་རྗེས་གསུམ། ལུང་འདྲེན་ཡིག་ཆ་བཅས་ཚད་ལྡན་གྱི་རྩོམ་གྱི་སྒྲོམ་གཞི་ཚང་དགོས།
      ༼༤༽རྩོམ་པ་པོའི་རུས་མིང་དང་། རྟེན། བསླབ་གནས། ལས་ཐོབ། ལས་ཁུངས། སྐད་འཕྲིན། གློག་རྡུལ་ཡིག་ཟམ་སོགས་ཁ་གསལ་དགོས།
      ༼༥༽ཚོགས་འདུའི་དཔྱད་རྩོམ་བསྐུར་ཡུལ། ཡིག་ཟམ། danquejia@163.com
      ༼༦༽རྩོམ་བསྡུ་མཚམས་འཇོག་པའི་དུས། ༢༠༡༩ལོའི་སྤྱི་ཟླ༥པའི་ཚེས༣༡ཡིན།
      གསུམ་པ། འབྲེལ་གཏུགས་བྱ་ཡུལ།
      ཕག་མོ་དོན་གྲུབ།  13997264393
      འབྲུག་རྒྱལ་ཐར།   18997270969
      པདྨ་ལྷུན་འགྲུབ།   13897589198
 

 
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
རྒྱལ་སྨན་ཆེན་མོའི་རྒྱུད་འཛིན་གཞུང་སྒྲུབ་ཁང་།
 ༢༠༡༩ལོའི་ཟླ་༤པའི་ཚེས་༡༠ཉིན

青海省藏医药学会关于召开“尼玛国医大师学术思想研讨会”的通知
 
各有关单位:
       为加强尼玛国医大师的学术思想与经验的传承发展,大力弘扬国医大师的学术引领和带动作用,进一步助力新时代、新形势下藏医药学术事业的传承、创新和发展。我会拟定于2019年6月15日在青海省西宁市举办“尼玛国医大师学术思想研讨会”,热诚欢迎全国藏医药医疗、科研、文化、教育、产业领域同仁及学术爱好者积极参会。
现将有关事宜通知如下:
      一、组织机构
      主办单位:青海省藏医药学会
      承办单位:尼玛国医大师传承工作室
      二、会议名称:尼玛国医大师学术思想研讨会
      三会务费及其他要求
      1.会议免收会务费,与会代表餐饮和住宿统一安排,住宿及交通费自理。
      2.参会人员请着民族服装。
      3.会议授予省级继续教育学分。
      四学术会征文内容(见附件1)
      五报名回执(见附件2)
      请各单位将回执于5月31日前发至会务组邮箱。
      六、会议时间、地点及联系方式
      1.会议时间:2019年6月14日-16日,(14日全天报到,15-16日会议,16日下午离会)
      2.报名地点:雪域圣烽国际酒店(西宁市生物园区经三路与纬三路交叉口)
      3.会议地点:青海藏文化博物院(二期馆) 
      4.地   址:西宁市城北区生物科技产业园区经二路36号 
      5.邮    箱:danquejia@163.com
      6.联 系 人:彭毛东主:13997264393
                        周 加 太:18997270969
                       万玛愣智:13897589198

附件1:学术研讨会征文内容及要求
附件2:会议回执
 
 
 
青海省藏医药学会    
尼玛国医大师传承工作室
2019年04月10日