༄༅།།ཞིང་ཆེན་ཡོངས་སུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྤུས་ཚད་གསལ་འབྱེད་ཆེད་མཁས་ཨུ་ཡོན་ཚོགས་པ་གསར་འཛུགས་དང་དེའི་ཁོངས་མི་ཨུ་ཡོན་མཚམས་སྦྱོརགྱི་བརྡ་སྦྱོར།
འབྲེལ་ཡོད་ལས་ཁུངས་དག་ལ་ཞུ་དོན།
      དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་ལག་ལེན་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འགྱུར་བར་ཁ་ཕྱོགས་ཏེ། རང་རེའི་ཞིང་ཆེན་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ལག་ལེན་ལ་ནང་བྱན་ཆུད་པའི་ཆེད་ལས་མཁས་པའི་མཚན་མཛོད་གསར་བསྒྲིགས་ཀྱིས་མན་ངག་རིན་པོ་ཆེའི་ལག་ལེན་གསལ་སྟོན་དང་རྒྱུ་སྤུས་ཁག་ཐེག་ཡོང་བ་དོན་གྱི་དམིགས་སུ་བཟུང་ནས། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་བླང་བྱ་ལྟར། ངེད་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ནས་ཉེ་ལམ་ཞིང་ཆེན་ཡོངས་ལ་དམིགས་ཏེ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་ལག་ལེན་དང་སྤུས་ཚད་གསལ་འབྱེད་ཆེད་མཁས་ཨུ་ཡོན་ཚོགས་པའི་ཁོངས་མི་བསྡུ་བཞིན་ཡོད་ལ། ཁྱེད་འབྲེལ་ཡོད་ལས་ཁུངས་དག་གི་ངོས་ནས་ཀྱང་དོན་ཆེན་འདི་ལ་གཙིགས་ཆེན་གྱིས་གང་བསྡུ་བྱའི་མཚན་མཛོད་དང་འཚམ་པའི་ཆེད་ལས་མཁས་པ་གང་བཞུགས་དུས་ཐོག་ཏུ་ངོ་སྤྲོད་དང་མཚམས་སྦྱོར་གྱི་ཕྱག་ཡིག་འབྱོར་བའི་རེ་བ་སྙིང་ནས་ཞུ།  བྱེ་བྲག་ཏུ་ཚང་དགོས་པའི་ཆ་རྐྱེན་དག་གཤམ་གསལ་ལྟར་ཡིན།
      ༡  ཚམས་སྦྱོར་ལས་ཁུངས།
      ཞིང་ཆེན་ཡོངས་ཀྱི་བོད་སྨན་བཟོ་གྲྭ   བོད་སྨན་ཞིབ་འཇུག་ལས་ཁུངས།  བོད་གསོའི་སློབ་གྲྭ   བོད་སྨན་ཁང་སོགས་གང་རུང་།
      ༢  ཆ་རྐྱེན།
      ཆེད་མཁས་པར་འདེམས་རུང་བའི་ཆ་རྐྱེན།    སྨན་པ་འབུམ་རམས་གཞོན་པ་ཡན་གྱི་ཐོབ་ཐང་བླངས་ཡོད་པ་དང་།   སྨན་པ་མིང་གྲགས་ཅན་གྱི་སྨན་རྒྱུད་དུ་གཏོགས་པ།  བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་ཐད་ལ་ཉམས་མྱོང་ཕུན་སུམ་ཚོགས་པ།   རང་ས་གནས་སུ་ཅུང་སྐད་གྲགས་ལྡན་པའི་
བོད་སྨན་པ་ཡིན་པ་བཅས།
      ༣  ཚམས་སྦྱོར་ཡིག་ཆའི་ཆ་རྐྱེན།
      དྲང་བདེན་ཡོང་བའི་ཆེད་དུ་བསྐུར་མཁན་གང་དེའི་མཚམས་སྦྱོར་ཡི་གེ་དོན་དངོས་དང་མཐུན་པར་ཁག་ཐེག་བྱེད་དགོས་ལ།    ཟུར་མཆན་གྱི་ཚུལ་དུ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་སྨན་རྒྱུད་ཀྱི་བདེན་དཔང་ཡི་གེའམ་བཙོ་བཀྲུ་ཆེན་མོའི་ཟབ་སྦྱོང་དཔང་ཡིག བཙོ་བཀྲུ་ཆེན་མོའི་ཞིབ་འཇུག་ཡིག་ཆ་སོགས་འབྲེལ་ཡོད་དཔང་ཡིག་གང་ཡོད་བསྐྱར་དཔར་གྱིས་ལམ་ནས་མཚམས་སྦྱོར་རེའུ་མིག་དང་མཉམ་དུ་བསྐུར་གནང་ཡོད་པ་ཞུ།
      ༤   དུས་ཚོད།
      ༡ ཆེད་མཁས་པའི་མཚམས་སྦྱོར་རེའུ་མིག་དེ ༢༠༡༩ལོའི་སྤྱི་ཟླ༩པའི་ཚེས༡༠ཉིན་གྱི་སྔོན་ལ་གཤམ་གྱི་ཡིག་ཟམ་དུ་བསྐུར་གནང་ཡོད་པ་ཞུ། 
      ༢ ང་ཚོས་བཏོན་པའི་རེ་བ་ལྟར་མཚམས་སྦྱོར་ཡིག་གེ་དག་བསྒྲིགས་བྱས་ཚར་བའི་རྗེས་ལ་ཚར་དྲུག་རེ་དཔར་ཏེ། དེའི་ཐོག་རང་ལས་ཁུངས་ཀྱི་ཐམ་ཀ་རྒྱག་རྒྱུ་མ་བརྗེད་པར་ ༢༠༡༩ལོའི་ཟླ ༩པའི་ཚེས༡༠ཉིན་གྱི་སྔོན་ལ་ཅིས་ཀྱང་ང་ཚོར་འབྱོར་གནང་ཡོད་པ་ཞུ། 
      ༥  བསྐུར་ཡུལ་དང་འབྲེལ་གཏུགས་བྱ་ཡུལ། 
      ༡   འབྲེལ་གཏུགས་བྱ་ཡུལ།         རྡོ་རྗེ་ཚེ་རིང་།           13897660436
      ༢    ཡིག་ཟམ།                        812167593@qq.com
      ༣   བསྐུར་ཡུལ།     མཚོ་སྔོན་ཟི་ལིང་ལྷོ་རི་ཤར་ལམ་གྱི་སྒོ་རྟགས་ཨང་༩༧པ།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་སྦྱོར་ཚན་ཁག
 
 
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ནས།
༢༠༡༩ལོའི་ཟླ༨པའི་ཚེས༢༧ཉིན།

 
关于在全省范围推荐藏药“佐太”质量鉴定专家委员会委员的通知
 
各有关单位:
      为进一步规范全省藏药“佐太”炮制工作,建立专家库对炮制工艺进行技术指导和质量鉴定工作,我会受青海省药品监督管理局委托在全省范围内遴选藏药“佐太”质量鉴定专家委员会委员,请各相关单位认真组织上报。具体要求如下:
      一、推荐单位:
      全省藏药制药企业、科研机构、大学院校及藏医医疗机构。
      二、人员要求:
      取得副高以上职称或确有师承专长(具有明确的传承脉络)的藏医药专业技术人员,并具有较深的理论水平及丰富的炮制实践经验,曾主持或参与开展“佐太”炮制工作,且在该领域或地区具有较高的学术影响力。
      三、支撑材料要求:
      为确保遴选工作公平公正、客观真实,推荐人请附与“佐太”炮制相关的师承文件、培训证书、科研课题、学术论文、专利等材料复印件同推荐表一并报送。
      四、截止时间:
      1、请各有关单位将专家推荐表请于9月10日前发送至邮箱
      2、纸质版资料请根据要求进行整理打印后,一式6份盖章于9月10日报送或邮寄至青海省藏医院。
      五、联系方式及邮寄地址:
      1、联系方式:  多杰才让  13897660436
      2、邮    箱:  812167593@qq.com
      3、邮寄地址:  西宁市城东区南山路东97号(青海省藏医院制剂科)

附件:青海省藏药“佐太”质量鉴定专家委员会委员推荐表。
 
 
 
青海省藏医药学会
2019年8月27日