༄༅།།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་སྐབས་ལྔ་པའི་རིག་གཞུང་ལོ་ཚོགས་དང་སྦྱོངས་བྱེད་ལས་ཀྱི་རིག་གཞུང་བགྲོ་གླེང་ཐུན་ཞོན་གྲོས་མོལ་དྲ་ཐོག་ནས་བསྡུས།

སྤྱི་ལོ༢༠༢༢ལོའི་ཟླ༡༡འི་ཚེས༢༦ཉིན་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་དང་མཚོ་སྔོན་ཞིང་ཆེན་རྒྱུད་མཐུད་སློབ་གསོ་ཨུ་ལྷན་གཉིས་ཀྱིས་གཙོ་སྒྲུབ་མཛད་པ་དང་།མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ཕོ་མཆེར་ཚན་ཁག མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང༢༢ལོའི་འབུམ་རམས་ཞིབ་འཇུག་སློབ་མའི་འཛིན་གྲྭ་བཅས་ཀྱིས་འགན་སྒྲུབ་གནང་བའི་༼མཚོ་སྔོན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་སྐབས་ལྔ་པའི་རིག་གཞུང་ལོ་ཚོགས་དང་སྦྱོངས་བྱེད་ལས་ཀྱི་རིག་གཞུང་བགྲོ་གླེང་༽ཚོགས་འདུ་ཐུན་ཞོན་གྲོས་མོལ་བརྒྱུད་ནས་ཚོགས།  རེབ་འདིར་མཚོ་སྔོན་གཙོ་བྱས་བོད་ལྗོངས་དང་ཟི་ཁྲོན། ཀན་སུའུ། ཡུན་ནན། ནང་སོག་སོགས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་དྲ་བར་ཕེབས་པའི་སློབ་ཞུགས་མི་སྣ་སྟོང་ལྷག་ལ་བུད།

ད་ལོ་ཡང་སྔར་གྱི་དམ་བཅར་འཇུས་ནས་བོད་ལྗོངས་དང་ཁམས་ཕྱོགས། མདོ་སྨད་ཀྱི་ཕྱོགས་ནས་སྨན་པ་སྐོར་ཞིག་གདན་དྲངས་ལ། བོད་ལྗོངས་ནག་ཆུ་སོག་ཤོད་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་རྒྱལ་པོ་ལགས་ཀྱིས་༼བོད་ཀྱི་གསོ་བ་རིག་པའི་རྩ་སྦྱོངས་ཀྱི་འཕེལ་རིམ་སྐོར་ཅུང་ཟད་གླེང་བ༽་དང་། སོག་ཤོད་སྨན་རྩིས་ཁང་གི་གསོ་རིག་འབུམ་རམས་པ་བསམ་གྲུབ་ཆོས་འཕེལ་ལགས་ཀྱིས་༼རྩ་སྦྱོངས་ལག་ལེན་གྱི་བཀག་རྒྱ་གསུམ་ལ་དཔྱད་པ༽། མཚོ་ལྷོ་བོད་ལུགས་སྨན་ཁང་གི་སྨན་པ་ཕག་མོ་ཚེ་རིང་ལགས་ནས་༼མགོ་སྦྱོངས་རིན་ཆེན་གཙུག་བཤལ་གྱི་ལག་ལེན་རིན་ཐང་སྐོར་གླེང་བ༽། དར་མཚོ་རྫོང་བོད་ལུགས་སྨན་ཁང་སྨན་པ་ཚེ་བྷོ་ལགས་ནས་༼སྦྱོངས་བྱེད་ལག་ལེན་གྱི་ངོ་མཚར་བཅོས་བསྐྱེད་སྐོར་གླེང་བ༽་བཅས་ཀྱི་འཆད་ཁྲིད་སྤེལ་ནས་ཆེད་དམིགས་ཀྱིས་གསོ་ཐབས་ལག་ལེན་བཅོ་བརྒྱད་ཀྱི་ཡ་གྱལ་སྦྱོངས་བྱེད་ལས་ཀྱི་གཞུང་དང་ལག་ལེན། མན་ངག་གསུམ་གྱི་ནང་དོན་འདུས་པའི་རིག་གཞུང་ལོ་ཚོགས་དང་གསོ་སྦྱོང་འཛིན་གྲྭ་གྲལ་གཅིག་ཏུ་བསྡུས།

ཟབ་སྦྱོང་མཇུག་བསྡུས་མ་ཐག་ཆེད་ཞུས་དགེ་རྒན་རྣམས་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་གསོ་རིག་འབུམ་རམས་པ་ཕག་མོ་དོན་གྲུབ། ཆེད་ལས་ཚོགས་པའི་ཚོགས་གཙོ་གསོ་རིག་འབུམ་རམས་པ་སྟག་འབྲུག་ཚེ་རིང་། ཁམས་ཆུ་དམར་ལེབ་རྫོང་དམངས་ཁྲོད་སྨན་པ་མིང་གྲགས་ཅན་བཀྲ་ཤིས་བཟང་པོ། ནང་ཆེན་བོད་ལུགས་སྨན་རྩིས་ཁང་སྨན་པ་བསོད་ནམས་ཀུན་ཁྱབ་སོགས་གཙོ་བྱས་སྦྱོང་བྱེད་ལས་ལ་གཞོལ་བའི་མདོ་དབུས་ཁམས་གསུམ་གྱི་སྨན་པ་བཅུ་ཕྲག་གཉིས་ལྷག་བགྲོ་གླེང་ཚོགས་འདུར་ཞུས་ཏེ་༼བོད་ཀྱི་གསོ་བ་རིག་པའི་སྦྱོངས་བྱེད་ལག་ལེན་གྱི་ད་ལྟའི་གནས་བབ་དང་མ་འོངས་འཕེལ་ཕྱོགས་སྐོར་གྱི་བསམ་གཞིགས་༽ཞེས་པའི་བརྗོད་གཞིའི་སྟེང་ནས་རིག་གཞུང་བགྲོ་གླེང་དང་ཉམས་མྱོང་བརྗེ་རེས་བརྒྱུད་དེ་རྒན་བསྟན་སྲུང་གྲགས་པའི་སྦྱོང་སྦྱེད་ལས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་གྱིས་གཞི་བཟུང་། གནའ་དེང་སྦྱོང་བྱེད་མཁས་པའི་ནད་ཐོག་ཉམས་ཡིག་གིས་ཟུར་བརྒྱན། ད་ལྟ་སྨན་ཁང་སོ་སོ་ནས་སྦྱོང་བྱེད་ལག་ལེན་བྱས་དང་བྱེད་བཞིན་པའི་གནས་བབ་གྱིས་མཚམས་སྦྱར། མ་འོངས་པར་སྦྱོང་བྱེད་ཀྱི་གཞུང་ལུགས་སློབ་སྦྱོང་དང་མཐོང་བརྒྱུད་ཕྱག་ལེན། ནད་ཐོག་ཉམས་མྱོང་རྣམས་གཞི་གཅིག་ཏུ་སྦྲེལ་ནས་སྦྱོང་བྱེད་ལས་ཀྱི་བསྟན་པ་ཡར་ངོའི་ཟླ་ལྟར་རྒྱས་ཏེ་ཉམ་ཐག་ནད་པ་མང་པོའི་ནད་རྣམས་རྩ་སྒོ་ཕྱི་དང་ནང་ནས་ཡོངས་སུ་སྦྱོང་བར་བྱེད་པར་གདེང་དང་ལྡན་པའི་སྨོན་ལམ་བཟང་པོས་མཇུག་སྡོམ་བྱས།  

青海省藏医药学会藏医胃肠病专业委员会学术年会暨级继续医学教育项目全省藏医脾胃病泻治疗法经验传承在线上举办

近日,由青海省继续医学教育委员会、青海省藏医药学会主办,青海省青海省藏医药学会藏医胃肠病专业委员会、青海省藏医院脾胃科、青海大学藏医学院22级藏医博士班承办的青海省藏医药学会胃肠病专业委员会学术年会暨省级继续医学教育项目“全省藏医脾胃病泻治疗法经验传承”在线上顺利举办。受疫情影响,本次会议通过腾讯会议召开,来自省内外藏医胃肠病专家、学者近1000人参会。

会议特邀请西藏索县藏医院副主任医师旦增加布、副主任医师桑珠群培,海南州藏医院副主任医师彭毛才让 ,兴海县藏医院副主任医师才保分别以“论藏医脉泻‘杂琼’疗法起源分析与临床研究”、“制约传统‘杂琼’疗法的三因素及其可持续发展研究”、“藏医疗法‘仁青泽泻’临床应用价值”、“安多地区治疗的现状研究 -以典型病例叙述”为主题将进行授课。

授课专家围绕藏医泻治疗法,从理论、实践等不同角度为与会人员作了精彩的学术报告。本次会议为省内外从事藏医胃肠病专业医务人员提供了一个很好的学习交流平台,对提升我省藏医泻治疗法的传承和技术推广有非常重要的意义。