༄༅།།རྒྱལ་ཡོངས་གཙོ་གནད་ཚན་ཁག་གདེང་ཐོབ་ནད་རིགས་ཕོ་བ་སྨུག་པོ་དང་བད་ཀན་སེར་པོའི་བརྟག་བཅོས་ཇུས་གཞིའི་དཔྱད་གླེང་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས།

སྤྱི་ལོ༢༠༢༣ལོའི་ཟླ༡༢འི་ཚེས༡-༢བར། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པས་འགན་སྒྲུབ་བྱས་པའི་༼མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་སྐབས་དྲུག་པའི་རིག་གཞུང་ལོ་ཚོགས་དང་རྒྱལ་ཡོངས་གཙོ་གནད་ཚན་ཁག་གདེང་ཐོབ་ནད་རིགས་ཕོ་བ་སྨུག་པོ་དང་བད་ཀན་སེར་པོའི་བརྟག་བཅོས་ཇུས་གཞིའི་དཔྱད་གླེང་ཚོགས་འདུ༽་གནའ་མཁར་ཟི་ལིང་དུ་འཚོགས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཞིང་ཆེན་བོད་ལུགས་སྨན་ཁང་གི་ཏང་ཨུ་ཧྲིའི་ཅི་དབང་ཆེན་ཚེ་བརྟན་དང་ཡོན་ཀྲང་གཞོན་པ་འཛོམས་སྐྱིད་གཉིས་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་།  

640.jpg

ཐེངས་འདིའི་ཚོགས་འདུ་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་ཚོགས་གཙོ་སྟག་འབྲུག་ཚེ་རིང་གིས་མདོ་འཛིན་བྱས་ལ། ནད་ཐོག་དངོས་ལ་དམིགས་སྟེ། ཆེད་དུ་བོད་ལྗོངས་དང་པེ་ཅིན། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་གྱི་བོད་ལུགས་སྨན་ཁང་གི་ཆེད་མཁས་སྨན་པ་ལྔ་བཅུ་ལྷག་གདན་དྲངས་སྟེ་གདེང་ཐོབ་ནད་རིགས་༼ ཕོ་བ་སྨུག་པོ་དང་བད་ཀན་སེར་པོའི༽ ་ནད་ཀྱི་མིང་དང་། ངེས་ཚིག དབྱེ་བ། བརྟག་བཅོས། འཁྲུལ་སོ་བསལ་ཐབས། སྔོན་འགོག དཀའ་གནད་དབྱེ་ཞིབ་དང་དོགས་སེལ་སོགས་དང་པོ་མ་ཡིག་བལྟ་ཞིབ་དང་། བར་དུ་ནད་དོན་བགྲོ་གླེང་། ཐ་མར་བརྟག་བཅོས་ཇུས་གཞི་ལ་རྒྱལ་ཡོངས་བོད་ལུགས་སྨན་ཁང་རྣམས་གཅིག་གྱུརདུ་གཏོང་བར་རྨང་གཞི་བཏང་།  

བོད་ལུགས་སྨན་ཁང་ཁག་ཏུ་གདེང་ཐོབ་ནད་ཀྱི་བརྟག་བཅོས་ཐད་དཀའ་གནད་དབྱེ་ཞིབ་དང་ནང་དོན་ལེགས་བཅོས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་བཞིན་ཡོད་ལ། མ་འོངས་པར་གདེང་ཐོབ་ནད་རིགས་ཀྱི་གཞུང་ལུགས་སློབ་སྦྱོང་དང་མཐོང་བརྒྱུད་ཕྱག་ལེན། ནད་ཐོག་ཉམས་མྱོང་སོགས་གཞི་གཅིག་ཏུ་སྦྲེལ་ནས་གདེང་ཐོབ་ནད་རིགས་ཀྱི་བརྟག་བཅོསཇུས་གཞིར་བོད་ལུགས་སྨན་ཁང་ཁག་གི་ཆེ་ས་ནས་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་དཀྱུས་སུ་བཟུང་སྟེ་གསོ་རིག་དགོས་པ་ཀུན་འབྱུང་དང་མན་ངག་ལྷན་ཐབས། ཀོང་སྤྲུལ་ཟིན་ཏིག མན་ངག་རིན་ཆེན་འབྱུང་གནས། དེལ་དམར་གཅེས་བསྡུས་སོགས་ཉམས་ཡིག་ཁག་གིས་ཟུར་བརྒྱན། རང་རང་གི་མཐོང་བརྒྱུད་ཕྱག་ལེན་གཞི་བྱས་སྟེ་གདེང་ཐོབ་ནད་རིགས་ཀུན་སྤོ་ལ་དར་འཕྱར་ལྟ་བུར་ཐུན་མོང་གཅིག་མཐུན་གྱིས་གསོ་ཐུབ་པའི་སྨོན་ལམ་བཟང་པོས་མཇུག་བསྡུས།  

 

青海省藏医药学会藏医胃肠病专业委员会年会暨藏医重点专科优势病种《培根增盛性木布病、黄色培根病诊疗方案》专家共识意见会在西宁召开

为提高藏医脾胃病临床疗效,梳理总结优势病种诊疗经验,优化完善藏医诊疗方案,增强应用藏医药技术方法诊治急危重症及疑难病例的能力,12月1日至2日,由青海省藏医药学会胃肠病专业委员会协办的“青海省藏医药学会藏医胃肠病专业委员会年会暨藏医脾胃病重点专科优势病种‘培根增盛性木布病、黄色培根病’诊疗方案专家共识意见会”在西宁顺利召开。来自北京、西藏、四川、甘肃、云南、青海等省市自治区的50位藏医药专家参会。

青海省藏医药学会副会长、省藏医院党委书记昂青才旦、副院长宗吉出席开幕式。会议由我会藏医胃肠病专业委员会主任委员斗周才让主持。副会长昂青才旦致开幕词,并指出,此次制定《培根增盛性木布病、黄色培根病诊疗方案》恰逢其时、很有必要,要体现以人为本的思想,运用科学的技术手段,讲清楚藏医药的疗效和作用机制,将标准化的工作成果应用到临床实践中,积极促进藏医药的传承创新发展。

640.png

省藏医院脾胃科主任周加太、藏医胃肠病专业委员会秘书长多杰才让代表项目组,就项目的制定背景以及共识立项以来的工作进展情况等进行了简要汇报。随后,专家组针对诊疗方案(草案)的制定方法、文献资料收集、研究证据分析、方案内容等方面展开热烈讨论。经专家组反复讨论,最终完成《培根增盛性木布病、黄色培根病诊疗方案》的制定。专家组组长卓科做会议总结,对共识意见的制修订工作面临的困难和挑战进行了深入分析,并对下一步继续完善方案标准、开展古文献引用规范学习、文献检索策略讨论、深化藏医症候疗效评价研讨等方面的工作安排提出明确要求。

此次会议大力推动了藏医药脾胃病领域标准化建设,初步构建了藏医药互联互通的科研体系和藏医临床研究联盟,为进一步提高藏医药学术水平和临床质量奠定了良好的理论基础。