༄༅།།མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་སྐབས་བཞི་བའི་རིག་གཞུང་ལོ་ཚོགས་དང་བོད་ཀྱི་གསོ་བ་རིག་པའི་ཕོ་མཆེར་ཆེད་ཚན་ནད་གཞི་བརྟག་གཞིག་གསོ་སྦྱོང་འཛིན་གྲྭ་ཟི་ལིང་དུ་བསྡུས།

སྤྱི་ལོ༢༠༢༡ལོའི་ཟླ༡༠པའི་ཚེས༡༤ནས༡༧བར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་གཙོ་སྒྲུབ་དང་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གིས་འགན་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་རིག་གཞུང་ལོ་ཚོགས་སྐབས་བཞི་བ་དང་བོད་ཀྱི་གསོ་བ་རིག་པའི་ཕོ་མཆེར་ཆེད་ཚན་ནད་གཞི་བརྟག་གཞིག་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མགྲོན་ཁང་དུ་ཚོགས།     

ཚོགས་འདུར་བོད་ལུགས་གསོ་རིག་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་དྲུང་ཡིག་རྡོ་རྗེ་ཚེ་རིང་གིས་མདོ་འཛིན་བྱས།ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་ཚོགས་གཙོ་གཞོན་པ་ཀླུ་རྒྱལ་ལགས་ནས་ཤིས་ཚིག་ཕུལ།  

ཐེངས་འདིའི་ཚོགས་འདུརམཚོ་སྔོན་དང་བོད་ལྗོངས། ཀན་སུའུ་སོགས་ནས་ཕེབས་པའི་སྨན་པ་དང་དགེ་རྒན་རྒན་གྲས་བཅུ་ཕྲག་ལྷག་གདན་དྲངས་ཏེ།ཕོ་རུབ་ནད་ཀྱི་བརྟག་བཅོས་ཞིབ་འཇུག་གཙོ་བྱས་ནད་ཐོག་དང་ཉེ་བར་འབྲེལ་བའི་བརྟག་བཅོས་ཞིབ་འཇུག་དང་སྨན་རྩིས་ཟུང་འབྲེལ། ནད་ཐོག་བསམ་གཞིགས།  སྨན་ནུས་

འབྱུང་ཚུལ་དང་སྦྱར་ཐབས།  སྦྱོངས་བྱེད་ལས་སྐོར། རྩ་ཆུའི་ལག་ལེན་དམར་ཁྲིད་སོགས་ཀྱི་ནང་དོན་འདུས་པའི་རིག་གཞུང་ལོ་ཚོགས་ དང་གསོ་སྦྱོང་འཛིན་གྲྭ་གྲལ་གཅིག་ཏུ་བསྡུས།

རེབ་འདིའི་གསོ་སྦྱོང་འཛིན་གྲྭར་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་དང་ཞིང་ཆེན་ཡོངས་ཀྱི་ཁུལ་དང་རྫོང་རིམ་པ་ཡན་གྱི་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་ཚོགས་མི་དང་ཕྱོགས་ཡོང་གི་སློབ་གཉེར་བ་བཅས་ཚོགས་ཞུགས་མི་སྣ་ཉིས་བརྒྱ་ལྷག་ལ་གསོ་སྦྱོང་འཛིན་ཡིག་སྤྲད་དེ་ཚོགས་འདུའི་མགོ་མཇུག་བར་གསུམ་དང་སྦྱོར་དངོས་རྗེས་གསུམ་དབུ་བཀྲ་ཤིས་ཤིང་མཇུག་དོན་འགྲུབ་པའི་ངང་ནས་མཇུག་ལེགས་པར་བསྡུས།   

ཐེངས་འདིའི་རིག་གཞུང་ལོ་ཚོགས་དང་ཟབ་སྦྱོང་འཛིན་གྲྭ་མཇུག་སྒྲིལ་མཛད་སྒོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རྒྱུན་ལས། ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པའི་ཚོགས་གཙོ་སྟག་འབྲུག་ཚེ་རིང་གིས་སྤྱི་བསྡོམས་བྱས།

ཚེས་༡༨ཉིན་དམངས་ཁྲོད་སྨན་པ་གྲགས་ཅན་ཨ་ལགས་འཇམ་དབྱངས་ཀྱི་དངོས་སློབ་རྒན་འཇིགས་མེད་རང་གྲོལ་ལགས་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་ཕོ་མཆེར་ཚན་ཁག་གིས་ཞུས་ངོར་དྲི་ཆུ་བརྟག་ཚུལ་གྱི་ལག་ལེན་དམར་ཁྲིད་གནང་།

 

青海省藏医药学会藏医胃肠病专业委员会学术年会藏医脾胃病专科专病循证能力建设培训班在西宁举办

为进一步推动藏医药事业繁荣与发展,提高藏医脾胃病专科专病循证能力建设,2021年10月14日至17日,由青海省藏医药学会主办、青海省藏医院承办的“青海省藏医药学会藏医胃肠病专业委员会学术年会暨藏医脾胃病专科专病循证能力建设培训班”在西宁举办。来自我会会员单位20多家委员代表及全省藏医胃肠病专业技术人员250余人参加。会议由青海省藏医药学会理事、藏医胃肠病专业委员会秘书长多杰才让主持。

青海省藏医药学会理事、藏医胃肠病专业委员会副主任委员李加代表藏医脾胃病专业委员会致开幕辞。

本次年会邀请了青海省藏医院脾胃病专家主任医师南拉卡讲授《慢性萎缩性胃炎(普如病)诊疗方案共识意见》;邀请青海省藏语佛学院藏医教授华旦尖措、西藏山南市藏医医院专家索南巴珠、主管护师巴桑玉珍分别讲授了《藏医药、天文历算》、《食管的生理功能及其相关疾病的诊治》、《藏医泻治疗法》;青海大学藏医学院教授尕藏多杰、子巴分别讲授《藏医西化因素以及藏医临床思维》、《藏医药理学核心观点与藏药配伍规律研究》;青海省人民医院胃镜室主任医师刘芝兰授课授《镜下慢性萎缩性胃炎的病理研究》;省藏医院主任医师措吉、主任医师斗周才让分别讲授《藏医妇科临床思维与经验传承及原理剖析》、《藏医对胃溃疡诊治研究》。会上还特别邀请到名老藏医专家久美让卓和索南曲培老师分别讲授了《藏医尿诊与脉诊的临床应用》。

本次培训授课内容丰富,现场氛围活跃,与会人员纷纷表示收获颇丰,更对今后工作中推广应用藏医胃肠病诊疗技术方面提供了坚实的理论基础。

会议最后,青海省藏医药学会常务理事、藏医胃肠病专业委员会主任委员斗周才让对本次会议进行了总结并颁发结业证。

此次活动为我省藏医胃肠病领域医务人员提供了相互交流、合作的良好平台,对促进我省藏医脾胃病专科专病循证能力建设、带动藏医胃肠病临床诊疗工作方面有着重大的意义。