当前位置:首页 > 新闻动态 > 通知公告 > 关于召开藏医养生保健学课程教学改革与实践研讨会的通知
关于召开藏医养生保健学课程教学改革与实践研讨会的通知
བོད་ཀྱི་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་སློབ་ཚན་གྱི་སློབ་ཁྲིད་བཅོས་བསྒྱུར་དང་ལག་ལེན་སྐོར་གྱི་བགྲོ་གླེང་ཚོགས་འདུའི་བརྡ་ཐོ།
འབྲེལ་ཡོད་ལས་ཁུངས་ལ་ཞུ་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཐད་ལ་དཔྱད་བརྗོད་གལ་ཆེན་གནང་བའི་དགོངས་པ་ལག་ཏུ་བསྟར་བ་དང་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་གྱི་རྒྱབ་ཁབ་ཀྱི་འཐབ་ཇུས་དང་བསྟུན་པ། མཚོ་སྔོན་སློབ་ཆེན་མིང་གྲགས་དགེ་རྒན་གསོ་སྐྱོང་འཆར་གཞིའི་ལས་གཞིའི་འགན་ཁུར་གྱི་རེ་བ་བཅས་ལ་གཞི་བྱས་ཏེ། བོད་ལུགས་གསོ་རིག་གི་ནད་མེད་ཚེ་བསྲིང་སློབ་གསོའི་སློབ་ཁྲིད་བཅོས་བསྒྱུར་ལེགས་པོ་དང་། རིག་ཚན་འཛུགས་སྐྲུན་ཚད་ལྡན་གྱིས་ནད་མེད་ཚེ་བསྲིང་གི་ནད་ཐོག་ལག་ལེན་གྱི་ནུས་པ་གོང་དུ་སྤེལ་ཆེད། བོད་ཀྱི་གསོ་རིག་ནད་མེད་ཚེ་བསྲིང་རིག་པའི་སློབ་ཁྲིད་བཅོས་བསྒྱུར་དང་ལག་ལེན་བགྲོ་གླེང་ཚོགས་འདུ་སྤྱི་ལོ༢༠༢༠ལོའི་སྤྱི་ཟླ༡༡པའི་ཚེས༡༥ཉིན་མཚོ་སྔོན་ཟི་ལིང་དུ་འཚོགས་རྒྱུ་ཡིན་པས། འབྲེལ་ཡོད་ཞིབ་ཕྲའི་གནས་ཚུལ་གཤམ་གསལ་ལྟར་ཡིན།
གཅིག ཚོགས་འདུའི་རྩ་འཛུགས།
གཙོ་སྒྲུབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་།
རོགས་སྒྲུབ་ལས་ཁུངས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ནད་མེད་ཚེ་བསྲིང་བདེ་སྲུང་ཆེད་ལས་ཨུ་ཡོན་ཚོགས་པ།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ནད་མེད་ཚེ་བསྲིང་རིག་པའི་ཞིབ་འཇུག་ཁང་།
གཉིས། ཚོགས་འདུའི་ཁ་བྱང་།
བོད་ཀྱི་གསོ་རིག་གི་ནད་མེད་ཚེ་བསྲིང་རིག་པའི་སློབ་ཁྲིད་བཅོས་བསྒྱུར་དང་ལག་ལེན་བགྲོ་གླེང་ཚོགས་འདུ།
གསུམ། ཚོགས་འདུའི་བརྗོད་བྱ།
སློབ་ཁྲིད་བཅོས་བསྒྱུར། ནད་ཐོག་ལག་ལེན།
བཞི། ཚོགས་འདུའི་ནང་དོན། ༼ཟུར་བཀོད་དང་པོར་གཟིགས་རོགས། ༽
ལྔ། ཚོགས་འདུའི་ཁྱབ་ཁོངས།
མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། ལྷོ་ཁ་སྨན་རྩིས་ཁང་། ནག་ཆུ་སྨན་རྩིས་ཁང་། གཞིས་ཁ་རྩེ་སྨན་རྩིས་ཁང་། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་སོ་སོའི་བོད་ཀྱི་གསོ་རིག་ལས་བྱེད་མི་སྣ། ཞིབ་འཇུག་སློབ་མ་བཅས་བསྡོམས་པས་མི150ཡོད།
དྲུག ཚོགས་འདུར་ཞུགས་ཡོན་དང་འབྲེལ་ཡོད་ནང་དོན།
ཚོགས་ཞུགས་པར་རིན་མི་དགོས་པ་དང་། ཞལ་ཟས་དང་མགྲོན་ཁང་། འགྲིམ་འགྲུལ་སོགས་ནི་རང་ཉིད་ཀྱིས་བཀོད་སྒྲིག་དང་འགན་འཁུར་དགོས།
བདུན། ཐོ་འགོད་འབྱོར་ལན། ༼ཟུར་བཀོད་གཉིས་པར་གཟིགས་རོགས། ༽
ཚོགས་ཞུགས་མི་སྣའི་འབྱོར་ལན་ཟླ༡༡པའི་ཚེས༡༠ཉིན་གྱི་གོང་དུ་ཚོགས་དོན་མི་སྣའི་ཡིག་ཟམ་དུ་བསྐུར་རོགས་ཞུ།
བརྒྱད། ཚོགས་འདུའི་དུས་ཚོད་དང་ས་གནས། འབྲེལ་གཏུགས་བྱེད་ཡུལ།
དུས་ཚོད། སྤྱི་ལོ༢༠༢༠ལོའི་སྤྱི་ཟླ༡༡པའི་ཚེས༡༥ཉིན། ༼གཟའ་ཉི་མ།༽
ས་གནས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་རྟེན་མཛོད་གླིང་གི་ཁེར་ཐོག་གི་རིག་གཞུང་སྙན་ཞུ་ཚོགས་ཁང་།
ཡིག་ཟམ། 1021424887@qq.com
འབྲེལ་གཏུགས་བྱེད་ཡུལ། རིག་འཛིན་རྒྱལ། 13007761778
འབྲུག་རྩེ་རྒྱལ། 18697184125
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
༢༠༢༠ལོའི་ཟླ༡༡བའི་ཚེས༢ཉིན།
青海省藏医药学会关于召开藏医养生保健学课程教学改革与实践研讨会的通知
各有关单位:
为进一步贯彻落实习近平总书记关于中医药发展的重要论述精神,响应建设“健康中国”国家战略,根据“青海大学教学名师培育计划项目”任务书要求,进一步深化藏医养生教育教学改革,规范藏医养生保健学科建设,提升藏医养生临床实践能力,于2020年11月15日在青海西宁召开“藏医养生保健学课程教学改革与实践研讨会”,现将有关事项通知如下:
一、组织机构
主办单位:青海省藏医药学会
青海大学藏医学院
承办单位:青海省藏医药学会藏医养生保健专业委员会
青海大学藏医学院藏医养生保健学研究室
二、会议名称:
藏医养生保健学课程教学改革与实践研讨会
三、会议主题
教学改革 临床实践
四、会议议程(见附件1)
五、会议规模
青海大学藏医学院、青海大学医学院、青海省藏医院、西藏自治区藏医院、西藏自治区山南市藏医院、西藏自治区那曲藏医院、西藏自治区日喀则市藏医院、青海省各州县藏医药医务工作者、在校研究生等150人。
六、会务费及其他要求
本次研讨会免收会议费,食宿及交通自行安排,费用自理。
七、报名回执(见附件2)
请各单位参会人员将回执于11月10日之前发至会务组邮箱。
八、会议时间、地点及联系方式
1.会议时间:2020年11月15日(星期日)
2.会议地点:青海省藏医药文化博物院1楼学术报告厅
3.电子邮箱: 1021424887@qq.com
4.联 系 人:
仁增加 13007761778
周则加 18697184125
青海省藏医药学会
2020年11月2日