༄༅ །མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་མཆེར་ནད་ཆེད་ལས་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་དང་སྐབས་དང་པོའི་རྒྱལ་ཡོངས་བོད་ལུགས་གསོ་རིགཕོ་མཆེར་ནད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་བརྡ་སྦྱོར།
 
འབྲེལ་ཡོད་ལས་ཁུངས་ལ་ཞུ་དོན།
      བོད་ཀྱི་གསོ་བ་རིག་པའི་ཕོ་མཆེར་ནད་ཀྱི་བརྟག་བཅོས་ལག་ལེན་སྔར་ལས་ལྷག་པར་ཞིབ་འཇུག་གཏིང་ཟབ་དང་ཉམས་མྱོང་ཁྱབ་སྤེལ་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་མཆེར་ནད་ཆེད་ལས་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་དང་སྐབས་དང་པོའི་རྒྱལ་ཡོངས་བོད་ལུགས་གསོ་རིག་ཕོ་མཆེར་ནད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ༽ད་ལོའི་སྤྱི་ཟླ་བརྒྱད་པར་མདོ་སྨད་ཙོང་ཁ་རུ་བསྡུ་འཆར་ཡོད་པས་ཉམས་མྱོང་ཞལ་ཤེས་མངའ་བའི་སྨན་པ་རྒན་གྲས་དང་ཆེད་ལས་མཁས་པ།  ལག་ལེན་དོན་གཉེར་ཅན་གྱི་སྨན་པ་ཉམས་མྱོང་ཅན།  གཞུང་ལུགས་མཐའ་ལ་དཔྱོད་པའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མ་སོགས་མདོར་ན་དེ་ལུགས་སུ་ཉམས་ཞིབ་ཡོད་མཁན་རྣམས་ཀྱིས་གོང་གི་བརྗོད་གཞིར་འཚམས་པའི་ལྗགས་རྩོམ་ལྷུག་སྩོལ་གནང་ནས་ཕོ་མཆེར་ནད་རིགས་བརྟག་བཅོས་ཀྱི་བྱ་གཞག་གོང་དུ་སྤེལ་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་པར་རེ་བ་དང་ཐུགས་རྗེ་ཞུ་བ་ལགས།
མཁྱེན་ལྡན་རྣམ་པའི་ལྗགས་རྩོམ་གནང་དུས་མཉམ་འཇོག་བྱ་དགོས་པ་གཤམ་གསལ་དུ།
      དང་པོ།  དཔྱད་རྩོམ་བསྡུ་ལེན་གྱི་ནང་དོན།  
  ༡ ཕོ་མཆེར་ནད་རིགས་ཀྱི་ཡིག་ཚང་ཞིབ་འཇུག་སྐོར།
  ༢ ཕོ་བའི་ནད་ཀྱི་གྱུར་ཚུལ་ཞིབ་འཇུག་སྐོར།
  ༣ བལྟ་རེག་དྲི་གསུམ་གྱི་སྒོ་ནས་ཕོ་མཆེར་ནད་ངོས་འཛིན་ཚུལ།
  ༤ ཕོ་ཤེལ་ལས་ནད་གཞི་ངོས་འཛིན་དང་རྩ་ཆུ་ནད་ལུགས་ཀྱི་ངོས་འཛིན་བར་གྱི་དབྱེ་འབྱེད་ཞིབ་འཇུག་སྐོར།
  ༥  སྲིན་རིགས Helicobacter  pylori  ལ་བོད་ལུགས་གསོ་རིག་གི་ངོས་འཛིན་དང་བཅོས་ཐབས་ཞིབ་འཇུག་སྐོར།
  ༦  བོད་ཕྱི་ཟུང་འབྲེལ་སྒོས་ཕོ་མཆེར་ནད་ཀྱི་བརྟག་བཅོས་ཞིབ་འཇུག་སྐོར།
  ༧  ཕོ་བའི་ནད་ལ་ཟས་སྤྱོད་བསྟེན་ཐབས་སྐོར།
  ༨  ཕོ་བའི་ནད་ཀྱི་ཁོང་སྨན་དང་ཁ་འཛིན། ཁ་ཚར །  ཁ་བསྒྱུར། ལྟག་སྤྲོད་སོགས་ནད་སྨན་སྤྲོད་ཚུལ་སྐོར།
  ༥ ཕོ་བའི་ནད་རིགས་ལ་སྦྱོང་བྱེད་ལས་ལྔའི་ལག་ལེན་དང་འཇམ་རྩུབ་དཔྱད་ཀྱི་བཅོས་ཐབས་ཞིབ་འཇུག་སྐོར།
   ༦ བཅོས་དཀའ་བའི་ཕོ་བའི་ནད་ཀྱི་བརྟག་བཅོས་ཉམས་ཞིབ་སྐོར།
  ༧  ཕོ་བའི་ནད་རིགས་སྔོན་འགོག་དང་མེ་དྲོད་སྲུང་ཐབས་སྐོར།
  ༨ ཕོ་མཆེར་ནད་ཀྱི་བོད་ལུགས་གསོ་རིག་ནད་སྐྱོང་ཤེས་བྱའི་སྐོར། 
  ༩ ཕོ་མཆེར་ནད་རིགས་བརྟག་བཅོས་ཀྱི་ད་ལྟའི་གནས་བབས་དང་མ་འོངས་པའི་བསམ་གཞིགས་སྐོར།
      གཉིས་པ། རྩོམ་བསྡུའི་ཆ་རྐྱེན།
  ༼༡༽ལུང་ཁུངས་བཙུན་ཤིང་རང་ལུགས་ལྟ་བ་འབུར་དུ་ཐོན་པ།  ཡིག་ཆ་དང་རིག་གཞུང་ཚད་ལྡན། སྡོམ་རྩིས་གྲངས་གཞི་དངོས་ཡོད། ལག་ལེན་བེད་སྤྱོད་རང་བཞིན་ཅན།   རང་རྩོམ་རང་གིས་འགན་ལེན་པ། 
  ༼༢༽ཡིག་རིགས་བོད་རྒྱ་གང་རུང་ཡིན་ཆོག་ལ་དཔྱད་རྩོམ་ཡིག་འབྲུ་བཞི་སྟོང་དང་ནང་དོན་གནད་བསྡུས་ལ་ཡིག་འབྲུ་ལྔ་བརྒྱ་ལས་བརྒལ་མི་རུང་། ཡིག་རིགས་གང་ཡངMicrosoftWordཡིག་ཚགསA4པར་ངོས་ཡིན་དགོས། བོད་ཡིག་ཧི་མ་ལ་ཡ་དང་།དབྱིན་ཡིག་དང་ གྲངས་ཀའི་ཡིག་གཟུགསTimes New Romanཡིན་དགོས།
  ༼༣༽དཔྱད་རྩོམ་ལ་རྩོམ་བྱང་དང་ནང་དོན་གནད་བསྡུས། ཐ་སྙད་གཙོ་བོ། རྩོམ་གྱི་སྦྱོར་དངོས་རྗེས་གསུམ། ལུང་འདྲེན་ཡིག་ཆ་བཅས་རྩོམ་གྱི་སྒྲོམ་གཞི་ཚང་དགོས། 
  ༼༤༽རྩོམ་པ་བོའི་ཡིག་ཚགས།  རུས་མིང་དང་རྟེན།  བསླབ་གནས།   ལས་ཐོབ།   ལས་ཁུངས།  སྐད་འཕྲིན། གློག་རྡུལ་ཡིག་སྒམ་སོགས་ཁ་གསལ་དགོས།
༼༥༽།ཚོགས་འདུའི་དཔྱད་རྩོམ་བསྐུར་ཡུལ།  ཡིག་ཟམ།  1069434895@qq.com  དཔྱད་རྩོམ་འདེམས་མ་ཐག་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་ཁོངས་སུ་བསྡུ་ཞིང་རྩོམ་པ་པོར་ཚོགས་ཞུགས་གདན་འདྲེན་བྱ་རྒྱུ་ཡིན་པའི་ཐུགས་ལ་འདོགས་པར་འཚལ། གཞན་ཡང་རིག་གཞུང་དཔྱད་རྩོམ་ལེགས་ཤོས་དག་ཚོགས་རར་སྒྲོག་སྦྱོང་བྱེད་འཆར་ཡོད།
  ༼༦༽ རྩོམ་བསྡུ་མཚམས་འཇོག་དུས། ༢༠༡༨ལོའི་ཟླ༨པའི་ཚེས༡ཡིན།
      གསུམ་པ། འབྲེལ་གཏུགས་བྱ་ཡུལ།   
    མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།  མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།   
    སྟག་འབྲུག་ཚེ་རིང་།    ༡༣༨༩༧༡༨༦༡༠
    རྡོ་རྗེ་ཚེ་རིང་།        ༡༨༡༠༩༧༨༩༠༧༧
     ཤེས་རབ།           ༡༥༢༩༧༠༢༨༧༨༧    
 
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
༢༠༡༨ལོའི་ཕྱི་ཟླ་༥བའི་ཚེས་༢༡ལ།
 
关于召开藏医脾胃病
专业委员会成立大会暨首届
全国藏医脾胃病专题学术研讨会通知
 
各有关单位:
      为进一步传承和研究藏医药文化,更好的发挥藏医药诊治脾胃病的特色和优势,我会计划于2018年夏季在西宁举办“藏医脾胃病专业委员会成立大会及首届全国藏医脾胃病专题学术研讨会”,热诚欢迎从事脾胃病专业的同仁、科研工作者、学术爱好者踊跃投稿,积极参会。
现将有关事宜通知如下:
       一、会议名称:
    藏医脾胃病专业委员会成立大会及首届全国藏医脾胃病专题学术研讨会
      二、会议费用:
    会务费600元/人(含会议资料、论文集、餐饮费用),住宿统一安排费用自理、交通费自理。
      三、学术会主题及征文内容(见附件1)
      四、回执(见附件2)
    请各单位将会议回执于6月21日前发给会议联系人,本次会议可发电子版回执,也可邮寄纸质版回执。
      五、会议时间、地点及联系方式
    1、会议时间:2018年8月16日-17日,17日下午离会,15日全天报到。
    2、报名地点:凯旋国际酒店
    3、会议地点:凯旋国际酒店学术厅
    4、地    址:西宁市城东区昆仑中路3号
    5、邮    箱:1069434895@qq.com
    6、联 系 人:
      斗周才让  13897186103
      多杰才让  18109789077
      谢    热     15297028787
    7、地    址:西宁市南山东路97号 青海省藏医院
    附件1:首届全国藏医药脾胃病专题学术研讨会征文内容
    附件2:报名回执表
 
青海省藏医药学会
2018年5月21日