当前位置:首页 > 新闻动态 > 通知公告 > 关于举办“高原地区失眠症的藏医规范化诊疗培训暨青海省首届藏医药神志病学术研讨会”的通知
关于举办“高原地区失眠症的藏医规范化诊疗培训暨青海省首届藏医药神志病学术研讨会”的通知
གཉིད་ཡེར་བའི་ནད་ཀྱི་བོད་ལུགས་གསོ་རིག་གི་ཚད་ལྡན་བརྟག་བཅོས་གསོ་སྦྱོང་དང་མཚོ་སྔོན་ཞིང་ཆེན་རླུང་ནད་གྲིབ་རིགས་ཀྱི་རིག་གཞུང་བགྲོ་གླེང་སྐབས་དང་པོ་བསྡུ་བའི་བརྡ་སྦྱོར།།
འབྲེལ་ཡོད་ལས་ཁུངས་ཀྱི་སྙན་ལམ་དུ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དང་། ཞི་ཅིན་ཕིང་གི་ཀྲུང་ལུགས་གསོ་རིག་འཕེལ་རྒྱས་ཀྱི་དགོངས་པ་དོན་འཁྱོལ་ཡོང་བར་བྱ་རྒྱུ། རང་ལས་ཁུངས་དང་གསོ་རིག་དོན་གཉེར་ཅན་གྱི་དཔུང་སྡེས་གཉིད་ལོག་གི་ནད་དང་རླུང་ནད་གྲིབ་རིགས་སྐོར་ལ་ཉམས་ཞིབ་གནང་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཆེད་ལས་ལག་རྩལ་མི་སྣའི་བརྟག་བཅོས་ཆུ་ཚད་མཐོར་འདེགས་གཏོང་བ། རིག་གཞུང་ཆུ་ཚད་དང་གསར་གཏོད་ཀྱི་ནུས་པ་སྔོག་འདོན། གཉིད་ཡེར་བའི་ཤེས་བྱ་ཁྱབ་བསྒྲགས་དང་ལས་རིགས་ཀྱི་འཕེལ་རྒྱས་དགོས་མཁོར་དམིགས་ཏེ། ངེད་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་སྤྱི་ལོ་༢༠༢༤ལོའི་ཟླ་བཅུ་བའི་ཟླ་སྨད་དུ་༼མཐོ་སྒང་གི་གཉིད་ཡེར་བའི་ནད་ཀྱི་བོད་ལུགས་གསོ་རིག་གི་ཚད་ལྡན་བརྟག་བཅོས་གསོ་སྦྱོང་དང་མཚོ་སྔོན་ཞིང་ཆེན་རླུང་ནད་གྲིབ་རིགས་ནད་ཀྱི་་རིག་གཞུང་བགྲོ་གླེང་སྐབས་དང་པོ་༽བསྡུ་འཆར་ཡོད། ཚོགས་འདུའི་འབྲེལ་ཡོད་དོན་བྱ་ཁག་གཤམ་གསལ།
གཅིག རྩ་འཛུགས་སྡེ་ཁག
གཙོ་སྒྲུབ་པ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
སྒྲུབ་འགན་པ། མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་།
གཉིས། ཚོགས་འདུའི་ནང་དོན།
༡ གཉིད་ཡེར་བའི་ནད་ཀྱི་བོད་ལུགས་གསོ་རིག་གི་བརྟག་བཅོས།
༢ གཉིད་ཡེར་བའི་ནད་དང་འབྲེལ་བའི་བོད་ལུགས་གསོ་རིག་གི་གསོ་བཅོས་ལག་ལེན།
༣ གཉིད་ལོག་གི་ནད་དང་རླུང་ནད་གྲིབ་རིགས་ནད་ཀྱི་ཞིབ་འཇུག་གནས་བབ།
༤ བོད་ལུགས་གསོ་རིག་གི་མཁས་དབང་གྲགས་ཅན་དང་མིང་གྲགས་ཆེད་མཁས་སྨན་པའི་རིག་གཞུང་བསམ་བློ་རྒྱུན་འཛིན་གྱི་བརྗོད་དོན་འཆད་ཁྲིད།
གསུམ། ཚོགས་ཞུགས་མི་སྣ།
མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་རྫོང་སོ་སོའི་གསོ་རིག་དོན་གཉེར་ཅན་རྣམས་དང་རླུང་ནད་གྲིབ་རིགས་ཀྱི་ཆེད་ལས་མི་སྣ། བོད་ཀྱི་གསོ་བ་རིག་པའི་གཞི་རིམ་རྐང་འཛིན་མི་སྣ། རླུང་ནད་གྲིབ་རིགས་དང་གཉིད་ཡེར་བའི་བརྟག་བཅོས་ལ་ཐོས་བསམ་དོན་གཉེར་གནང་མཁན་གྱི་སྨན་པ་དང་ཆེད་མཁས་སོགས།
བཞི། ཚོགས་འདུའི་གྲོན་དངུལ་དང་བླང་བྱ་གཞན།
༡ གསོ་སྦྱོང་དུ་ཞུགས་མཁན་ཚོས་ཚོགས་ཞུགས་ཀྱི་རིན་པ་གང་ཡང་སྤྲོད་མི་དགོས་ལ། གསོ་སྦྱོང་མི་སྣའི་ཟ་མ་དང་སྡོད་གནས། འགྲིམ་འགྲུལ་འགྲོ་སོང་སོགས་རང་ངོས་ནས་འགན་ལེན་དགོས།
༢ ཚོགས་ཞུགས་མི་སྣའི་ཟླ་༡༠བའི་ཚེས༡༧ཉིན་སྔོན་གློག་རྡུད་ཡིག་ཟམ་བརྒྱུད་ཏེ་མིང་ཐོ་འགོད་རྒྱུ།
༣ གསོ་སྦྱོང་སྐབས་སུ་གཏན་འགོག་བཅུའི་དགོངས་དོན་རྒྱུན་འཁྱོངས་བྱས་ཏེ་དོན་འཁྱོལ་ཡོང་བར་བྱ་རྒྱུ་དང་། ཚོགས་ཞུགས་མི་སྣས་ཚོགས་རའི་སྒྲིག་ལམ་བརྩི་བསྲུང་བྱ་རྒྱུ། གསོ་སྦྱོང་མཇུག་སྒྲིལ་རྗེས་རྒྱལ་ཁབ་རིམ་པའི་མུ་མཐུད་སློབ་གསོའི་སྐར་མ ༣ འཐོབ།
ལྔ། ཚོགས་འདུའི་དུས་ཚོད་དང་ས་གནས། འབྲེལ་གཏུགས་བྱེད་གནས།
༡ དུས་ཚོད། སྤྱི་ལོ༢༠༢༤ལོའི་ཟླ༡༠བའི་ཚེས༡༩ཉིན། ༼ཚེས༡༨ཉིན་མིང་ཐོ་འགོད་རྒྱུ༽
༢ ཚོགས་ཡུལ། ཟི་ལིང་བཻཌཱུརྱ་སྔོན་པོ་གསོལ་སྟོན་ཁང་།
༣ ས་གནས། ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཞེ་ཀོན་སྲང་ཧྲིན་ལེ་ལམ་ཨང་རྟགས༢༡པ།
༤ ཡིག་ཟམ། 601775460@qq.com
༥ འབྲེལ་གཏུག་བྱེད་ས། བསོད་ནམས་སྒྲོལ་མ། ༡༣༩༩༧༡༩༤༠༣༦
ཕུན་ཚོགས་བཀྲ་ཤིས། ༡༨༩༩༧༤༣༢༧༨༡
གཡུང་དྲུང་བཀྲ་ཤིས། ༡༧༧༩༧༡༦༡༩༣༥
བུ་མོ་མཆོག ༡༨༩༩༧༢༨༦༠༣༡
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ནས།
༢༠༢༤ལོའི་སྤྱི་ཟླ༩པའི་ཚེས༣༠ཉིན།
关于举办“高原地区失眠症的藏医规范化诊疗培训暨青海省首届藏医药神志病
学术研讨会”的通知
各相关单位:
为深入贯彻学习习近平新时代中国特色社会主义思想,落实习近平总书记中医药发展的重要论述,凝聚藏医药学术力量,加强藏医药在神志疾病及睡眠障碍方面的传承与创新,进一步提升藏医药专业技术人员对睡眠障碍及神志疾病的诊疗能力和学术水平,由青海省藏医药学会主办,青海省藏医院承办的“高原地区失眠症的藏医规范化诊疗培训暨青海省首届藏医药神志病学术研讨会”将于今年10月下旬在西宁召开。现将相关事项通知如下:
一、组织机构
主办单位:青海省藏医药学会
承办单位:青海省藏医院
二、会议内容
1.失眠症藏医诊疗方案;
2.藏医诊治失眠症的适宜技术;
3.睡眠障碍及神志病的藏医药、中西医科研动态和研究进展;
4.著名藏医药学者及名老藏医专家学术思想传承专题讲座。
三、参会人员
青海省各州、县级医疗机构专业技术人员,基层藏医骨干人员、行业内相关学者及专家。
四、会务费及其他事项
1.本次会议免收会务费,参会人员食宿及交通费由选派单位承担(授课专家除外)。
2.请参会人员于10月17日前将报名回执单(详见附件)发至会务组邮箱。
3.会议将严格执行“十严禁”等相关规定,参会人员要严格遵守会议秩序,会议结束后将授予国家级继续教育学分3分。
五、会议时间、地点及报名方式
1.时 间:2024年10月19日(18日报到)
2.地 点:西宁市蓝宝石大酒店
3.地 址:西宁市城西区西关大街街道胜利路21号
4.邮 箱:601775460@qq.com
4.联系人:索南卓玛 13997194036
普曾扎西 18997432781
羊壮扎西 17797161935
吾 毛 交 18997286031
附件:高原地区失眠症的藏医规范化诊疗培训暨青海省首届藏医药神志病学术研讨会报名回执单
青海省藏医药学会
2024年9月30日