༄༅བོད་ཀྱི་གསོ་བ་རིག་པའི་ཕོ་མཆེར་ཆེད་ཚན་ནད་གཞི་བརྟག་གཞིག་གསོ་སྦྱོང་འཛིན་གྲྭའི་བརྡ་སྦྱོར།

འབྲེལ་ཡོད་ལས་ཁུངས་དག་ལ་ཞུ་དོན།

        བོད་ཀྱི་གསོ་བ་རིག་པའི་ཕོ་ལོང་རྒྱུ་མའི་ནད་རིགས་བརྟག་བཅོས་ལག་ལེན་ཉམས་ཞིབ་དང་ཆེད་ཚན་ནད་གཞིའི་བརྟག་གཞིག་གསོ་རིག་ཁྱབ་སྤེལ་གཏོང་ཆེད།  བོད་ལུགས་གསོ་རིག་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པས་གཙོ་སྒྲུབ་བགྱིས་པའི་ཕོ་མཆེར་ཆེད་ཚན་ནད་གཞི་བརྟག་གཞིག་གསོ་སྦྱོང་འཛིན་གྲྭ་དེ་སྤྱི་ལོ་༢༠༢༡ལོའི་ཟླ༡༠པའི་ཚེས་༡༥ནས༡༧བར་ཟི་ལིང་གྲོང་ཁྱེར་ཏུ་འཚོགས་འཆར་ཡོད་ལ།  འཛིན་གྲྭ་འདིར་མན་ངག་ཞལ་ཤེས་མངའ་བའི་སྨན་པ་མཁས་པ་དང་དགེ་རྒན་ཆེན་མོ།   དམངས་ཁྲོད་ཀྱི་སྨན་པ་ཉམས་མྱོང་ཅན་ཐེས་མདོ་དབུས་ཁམས་གསུམ་གྱི་མཁས་དབང་བཅུ་ཕྲག་ལྷག་གདན་ཞུས་ཕོ་མཆེར་ནད་རིགས་གཙོས་གཞུང་ལུགས་ཟབ་ཁྲིད་དང་ནད་ཐོག་ལག་ལེན། རྩ་ཆུའི་གབ་པ་མངོན་ཕྱུང་། སྨན་གྱི་ཁ་ཚར་བསྐོར་ཚུལ། ཞི་སྦྱང་སྨན་གྱི་ལག་ལེན།   གཏར་བསྲེག་ལག་ལེན་མྱོང་སྤྲོས།    སྨན་རྩིས་ཉེ་བར་འབྲེལ་ཚུལ་སོགས་གསོ་སྦྱོང་ཚོགས་འདུའི་བརྗོད་བྱ་ཀུན་འདུས་ཡིན་ལ།   དེ་ལུགས་སུ་ཉམས་ཞིབ་དང་སྤྲོ་བ་ཡོད་མཁན་ཚང་མ་མཉམ་ཞུགས་དང་ཚོགས་མི་རྣམས་དུས་སུ་ཕེབས་གནང་ཡོད་པ་མཁྱེན།དེའི་སྐོར་གྱི་ནང་དོན་གཤམ་གསལ་ལྟར་ཡིན། 

གཅིག ཚོགས་འདུའི་རྩ་འཛུགས། 

གཙོ་སྒྲུབ་ལས་ཁུངས།      མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།  

རོགས་སྒྲུབ་ལས་ཁུངས།   མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགས་པ། 

མཉམ་སྒྲུབ་ལས་ཁུངས། ཕོ་མཆེར་ཆེད་ཚན་ནད་གཞིའི་བརྟག་གཞིག་གསོ་རིག་ཚན་ཞིབ་ཚོགས་པ། 

གཉིས།  ཚོགས་འདུའི་བརྗོད་དོན།

བོད་ཀྱི་གསོ་བ་རིག་པའི་ཕོ་མཆེར་ཆེད་ཚན་ནད་གཞི་བརྟག་གཞིག་གསོ་སྦྱོང་འཛིན་གྲྭ

མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཕོ་ལོང་རྒྱུ་མའི་ནད་ཆེད་ལས་ཚོགསའི་རིག་གཞུང་ལོ་ཚོགས།

གསུམ་པ། འབྲེལ་གཏུག་བྱ་ཡུལ།    

སྟག་འབྲུག་ཚེ་རིང་།     ༡༣༨༩༧༡༨༦༡༠༣

འབྲུག་རྒྱལ་ཐར།         ༡༨༩༩༧༢༧༠༩༦༩

 རྡོ་རྗེ་ཚེ་རིང་།          ༡༣༡༣༩༠༨༧༧༠༠  

                       

                          

 མཚོ་སྔོན་ཞིང་ཆེན་བོད་ཀྱི་སློབ་ཚོགས་ནས།

༢༠༢༡ལོའི་ཟླ༩པའི་ཚེས༣༠ཉིན།



关于召开藏医脾胃病专科专病循证能力

建设培训班的通知

各会员单位:

为了更好地发挥藏医诊治胃肠病的特色优势,推进国家中医药管理局藏医消化领域优势病种(慢性萎缩性胃炎)专科专病循证能力项目建设,我会藏医胃肠病专业委员会将于10月中旬召开“青海省藏医药学会藏医胃肠病专业委员会学术年会暨藏医脾胃病专科专病循证能力建设培训班”,现将有关事宜通知如下:

一、组织机构

主办单位:青海省藏医院

承办单位:青海省藏医药学会藏医胃肠病专业委员会

协办单位: 藏医脾胃病专科专病循证能力建设项目课题组

二、会议内容:

1.培训内容覆盖藏医脾胃病循证能力建设、临床试验方法研究、指南解读等;

2.青海省藏医药学会藏医胃肠病专业委员会年会。

、参加对象

青海省藏医药学会藏医胃肠病专业委员会委员、全省藏医脾胃病学科及相关学科医护人员。

、会务费及其他事项:

1.本次培训免收会务费,参会人员的食宿由承办单位(项目课题组)承担,交通费由选派单位负责。

2.本次培训授予继续教育学分。

3.此次培训严格落实疫情防控要求,报到时请出示健康码和行程码,全程佩戴口罩,配合会务组做好防疫工作。

培训时间、地点及联系方式

1.培训时间:2021年10月15日-17日(14日全天报到)

2.培训地点:青海宾馆

3.报名地点:青海宾馆一楼大厅

4.联系人:  斗周才让   13897186103          

周 加 太   18997270969

多杰才让   13139087700

 

 

          青海省藏医药学会

2021年9月30日