མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པའི་རིག་གཞུང་ལོ་ཚོགས་དང་ཞིང་ཆེན་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་ལས་གཞི་བོད་ཀྱི་གསོ་བ་རིག་པའི་ཟས་བཅོས་གཞུང་ལུགས་དང་ལག་ལེན་ཟབ་སྦྱོང་ཚོགས་འདུ་དྲ་ལམ་ནས་བསྡུས

   ཉེ་སྔོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱིས་གཙོ་སྒྲུབ་མཛད་ཅིང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པ་དང་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནད་མེད་ཚེ་བསྲིང་དང་མ་བུ་བདེ་སྲུང་སློབ་དཔྱོད་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནད་མེད་ཚེ་བསྲིང་ཚན་ཁག་གིས་འགན་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པའི་རིག་གཞུང་ལོ་ཚོགས་དང་ཞིང་ཆེན་རིམ་པའི་རྒྱུན་མཐུད་གསོ་རིག་སློབ་གསོའི་ལས་གཞི༼་བོད་ཀྱི་གསོ་བ་རིག་པའི་ཟས་བཅོས་གཞུང་ལུགས་དང་ལག་ལེན་ཟབ་སྦྱོང་ཚོགས་འདུཐུན་ཞོན་གྲོས་མོས་བརྒྱུད་བདེ་ལེགས་ངང་བསྡུས། མཚོ་སྔོན་གཙོ་བྱས་ཞིང་ཆེན་གཞན་དག་གི་ནད་མེད་ཚེ་བསྲིང་དང་ཐུན་མོང་འཕྲོད་བསྟེན་གྱི་བྱ་བ་གཉེར་མཁན་གྱིསློབ་ཞུགས་མི་སྣ་སུམ་བརྒྱ་ལྷག་དྲ་ལམ་ཚོགས་འདུར་ཞུགས།

སྐབས་འདིའི་ཚོགས་འདུའི་གདན་ཞུ་དགེ་རྒན་ནི་ནད་མེད་ཚེ་བསྲིང་དང་ཐུན་མོང་འཕྲོད་བསྟེན་རིག་པ། འཚོ་བཅུད་རིག་པ་སོགས་ལ་གནད་ཁེལ་ཞིབ་འཇུག་གཉེར་བའི་དགེ་རྒན་ཆེན་མོ་དང་སྨན་པ་འབུམ་རམས་པ་དག་ཡིན་ལ། ཐོག་མར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པའི་ཨུ་ཡོན་ཀླུ་མོ་ཚེ་རིང་ལགས་ཀྱིས་ནད་མེད་ཚེ་བསྲིང་ཆེད་ལས་ཚོགས་པའི་སྐབས་སྔོན་མ་གཉིས་ཀྱི་ཚོགས་འདུའི་དགོངས་དོན་ལ་ཕྱིར་དྲན་དང་། ཐེངས་འདིའི་ཚོགས་འདུའི་དམིགས་འབེན་དང་འཆད་ཁྲིད་དགེ་རྒན་ངོ་སྤྲོད་གནང་སྟེ་ཚོགས་འདུ་མགོ་རྩམ

མཚོ་སྔོན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་ཏང་ཀྲན་ཚོ་ལགས་ཀྱིས་༼2022ལོའི་བཟའ་བཅའི་ཕྱོགས་སྟོན་འགྲེལ་བཤདཞེས་འཆད་ཁྲིད་གནང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་སྨན་པ་འབུམ་རམས་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས་༼བོད་ལུགས་གསོ་རིག་ལས་གཉིད་ཡེར་བའི་ནད་ཀྱི་བརྟག་བཅོས་སྐོར་གླེང་བ་༽ཞེས་བརྗོད་བྱ་གཞིར་བཟུང་ནས་རང་གི་ནད་ཐོག་ལག་ལེན་དངོས་དང་སྦྱར་ནས་འཆད་ཁྲིད་གནང་།  མཚོ་སྔོན་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ་་ཕག་མོ་ཚོ་དང་ཀླུམོ་ཚེ་རིང་། ཨོ་རྒྱན་སྐྱབས་བཅས་ཀྱིས་༼འཚོ་བ་ཟས་ཀྱི་རྣམ་བཤད་ཤེལ་དཀར་མེ་ལོང་བསྟན་བཅོས་ངོ་སྤྲོད༽༼བོད་ལུགས་གསོ་རིག་གི་ཟས་འཆོས་སྐོར་གླེང་བ༽༼བོད་ཀྱི་གསོ་བ་རིག་པའི་འཚོ་བ་ཟས་ཀྱི་བྱུང་འཕེལ་ལོ་རྒྱུས༽་སོགས་རིམ་པར་འཆད་ཁྲིད་གནང་།

འཆད་ཁྲིད་དག་ལས་དགེ་རྒན་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པ་དང་ནུབ་ལུགས་འཚོ་བཅུད་རིག་པ་གཉིས་ཀྱི་ལམ་ནས་རྣམ་པར་མ་གྱུར་ལུས་གནས་ཐ་མལ་བའི་ཟས་སྐོམ་ཡང་དག་བསྟེན་ཚུལ་དང་། རྣམ་གྱུར་ན་བ་གསོ་བའི་གཉེན་པོ་ཟས་འཆོས་སྐོར་གྱི་གཞུང་གི་དགོངས་དོན་དང་ལག་ལེན་ཉམས་མྱོངབུམ་པ་གང་བྱོའི་ཚུལ་དུ་གནང་བ་མ་ཟད། མ་འོངས་པའི་ཟས་འཆོས་ལག་ལེན་སྔོག་འདོན་དང་འཕེལ་རྒྱས་སྐོར་གྱི་གྲོས་གཞི་བཏོན་ཏེ་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཡར་ངོས་ཟླ་བཞིན་གོང་དུ་འཕེལ་བའི་སྨོན་འདུན་དང་བཅས་མཇུག་སྒྲིལ་ལོ།།

 

青海省藏医药学会藏医养生专业委员会学术年会暨省级继续医学教育项目

“藏医养生保健食疗学理论与应用培训”在线举办

近日,由青海省藏医药学会主办,青海省藏医药学会藏医养生专业委员会、青海大学藏医学院藏医养生与妇幼教研组、青海省藏医院治未病科承办的“青海省藏医药学会藏医养生专业委员会学术年会暨省级继续教育项目‘藏医养生保健食疗学理论与应用培训’”在线顺利举办。受疫情影响,本次会议通过腾讯会议召开,来自省内外从事藏医养生保健专家、学者及在校学生近300人参会

本次年会邀请了青海省藏医院主任医师索南卓玛、青海大学医学院副教授党占崔、青海大学藏医学院副教授波毛措、李毛才让、若尖加等医学博士分别以“藏医对失眠症的诊治”、“解读2022版膳食指南”、“《藏医食疗学》专著简介”、“藏医药古籍中对饮食疗法的记述”、“藏医饮食疗法的起源和发展史”等主题进行授课。

授课专家以藏医食疗学、现代营养学角度,围绕健康饮食和临床食疗为主题做出了精彩的报告。本次会议主题鲜明、内容丰富,为从事藏医养生专业搭建了一个很好的学习交流平台,对提升藏医饮食疗法的理论研究和临床实践推广方面具有重要意义。