当前位置:首页 > 专业委员会 > 藏医养生专业委员会 > 新闻动态 > 藏医饮食养生与食疗专题学术研讨会顺利召开
藏医饮食养生与食疗专题学术研讨会顺利召开
སྤྱི་ལོ་༢༠༢༡ལོའི་ཟླ་༧པའི་ཚེས་༡༩ཉིན་གྱི་སྔ་དྲོའི་ཆུ་ཚོད་༩སྟེང་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་རིག་གཞུང་ཚོགས་ཆེན་ཟི་ལིང་དུ་འཚོགས་ཤིང་ཚོགས་འདུ་ལ་མི་ལྔ་བརྒྱ་ལྷག་ཕེབས་འདུག སྔ་དྲོར་བོད་ལྗོངས་བོད་ཀྱི་ཟས་སྐོམ་ཆེད་མཁས་པ་མགོན་སེང་ཀརྨ་བདེ་ལེགས་ལགས་ཀྱིས་བོད་ལུགས་བཟའ་བཏུང་རིག་གནས་དང་མཐོ་སྒང་གི་བདེ་ཐང་ཤེས་བྱ་གཙོ་བྱས་པའི་བོད་ཀྱི་ཟས་སྐོམ་རིག་པའི་གནའ་བོའི་ལོ་རྒྱུས་དང་།དེང་གི་གནས་བབ་ལས་འཕྲོས་ཏེ་གསུང་བཤད་གནང་བས་ཚོགས་ཞུགས་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་སློབ་མའི་མཛུབ་སྟོན་སློབ་དཔོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ནད་མེད་ཚེ་བསྲིང་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་རྒན་དཀོན་མཆོག་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་ན་གཞོན་སྨན་དོན་མི་སྣ་གཙོ་བྱས་པའི་ཆེད་ལས་མི་སྣ་ཡོངས་ལ་བོད་ལུགས་གསོ་རིག་གི་ཁྱད་ཆོས་ཀྱིས་ཕྱུགས་པའི་འཚོ་བ་ཟས་ཀྱི་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་པ་བྱས་ཏེ་བོད་མི་རིགས་གཙོ་བྱས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཞུ་དགོས་པའི་སྐུལ་སློང་དང་འབོད་སྐུལ་གནང་། ཕྱི་དྲོ་བོད་ཀྱི་གསོ་བ་རིག་པའི་འཚོ་བ་ཟས་ཀྱི་ཆེད་དོན་རིག་གཞུང་ཚོགས་འདུ་བསྡུས་པ་དང་། ཆེད་དུ་གདན་ཞུས་བྱས་པའི་དགེ་རྒན་དང་ཞིབ་འཇུག་སློབ་མ་ལྔ་ཡིས་བོད་ཀྱི་གསོ་རིག་གི་འཚོ་བ་ཟས་ཀྱི་ཐད་དུ་གཏམ་བཤད་ཞིབ་རྒྱས་བྱས་པས།ཚོགས་ཞུགས་མི་སྣ་ཚང་མས་འཚོ་བ་ཟས་ཀྱི་རིག་གཞུང་གི་སྟོན་མོ་ལ་རོལ།
由青海省藏医药学会主办的“2021年学术论坛”于2021年7月19日在青海建银宾馆顺利召开,共有500余人参加此次学术论坛。
上午的学术论坛上,由藏医养生保健专业委员会特邀的西藏饮食专家龚僧·嘎玛德来从藏族饮食文化的历史和现状,以“高原健康饮食的起源与应用”主题进行报告,受与会人员的一致好评;青海省藏医药学会养生保健专业委员会主任委员、青海大学藏医学院教授、博士研究生导师贡却坚赞教授进行了“基于藏医已病和无病的认识角度探析藏医食疗学”的主题报告,并呼吁更多藏医同行对藏医食疗引起重视和不断深入研究,为促进全民健康方面做出更多贡献。
下午的分会场召开了“藏医饮食养生与食疗专题学术研讨会”,共有50余人参加本次专题研讨会。
学术会议分别由青海师范大学龙主多杰副教授以“藏医饮食保健学中的药食两用植物“为主题进行报告;黄南州藏医院副院长格日多杰博士以“基于药食同源的视角论藏医动物药用理论知识的传承和实践”为主题;青海大学藏医学院在读博士生党知卓玛以“藏西医对食物消化吸收的比较”为主题;西藏藏医药大学在读硕士研究生完收吉以“藏医饮食疗法-以《四部医典秘诀部》为列”为主题;青海大学藏医学院在读博士生万玛措以“论藏医饮食和‘普胃酶灼’的关联与特征”为主题进行报告。从理论、科研和实践等多个层面和角度研讨了藏医饮食与养生在“治未病”促进全民健康方面的贡献。
报告结束后,由青海省藏医药学会副会长、青海大学藏医学院副院长华欠桑多博士对本次会议进行总结致词,并给予高度好评。
此次会议旨在为庆祝中国共产党的百年华诞,更加切实学习与贯彻落实习近平总书记提出的“健康中国”指导方针,加强藏医饮食养生理论研究,提升藏医食疗的临床实践能力,更好地发挥藏医饮食在未病与已病中的特色和优势,秉承以“传承精华,守正创新”为导向,培养高层次人才为宗旨,以传承藏医药养生文化为理念,充分发挥藏医药在治未病和“健康中国”战略关于改善身心健康等方面的优势及精准作用,必将为发展藏医药食疗养生事业,为全民健康服务作出贡献。