当前位置:首页 > 科普园地 > 健康知识 > 世界卒中日——“警惕卒中症状,尽早识别救治”
世界卒中日——“警惕卒中症状,尽早识别救治”
གཟའ་གྲིབ་ནི་འཇུ་དཀའ་ལ་སྣུམ་བཅུད་ལྡན་པའི་ཟས་སྐོམ་གྱི་བཅུད་དེ་དྭངས་སྙིགས་འབྱེད་མ་ཐུབ་པར་སྙིགས་མ་དྭངས་མའི་རྩ་ལམ་དུ་ཤོར་ཏེ་ཁྱབ་བྱེད་རླུང་གིས་ལུས་ཀྱི་བུ་ག་རྣམས་སུ་གཏོར་ལ་དྭངས་མ་དེ་རྒྱུ་བ་ལོག་པའི་རྐྱེན་གྱིས་ལུས་ཀྱི་རྩ་ཕྲན་རྣམས་ལ་ཁྱབ་པས་བུ་གའི་རྒྱུ་ལམ་ལ་གནོད་ཅིང་ཁྲག་རླུང་རྒྱུ་བར་བྱེད་པའི་རྩ་ལམ་དུ་འབྱར་བག་རང་བཞིན་གྱི་བད་ཀན་འཕེལ་བའི་རྐྱེན་ལས་ཁྲག་རྩའི་ནང་སྦུབས་སུ་མདོང་མོའི་ནང་འོ་ཟོ་ཆགས་པ་ལྟར་འཇམ་འབྱར་རང་བཞིན་གྱི་སྙིགས་མ་དེ་རླུང་གིས་བསྒྲིལ་བས་ཀླད་པའི་གནས་ངེས་ཅན་ཞིག་ཏུ་ཁྲག་གི་རྒྱུ་བ་འགག་པ་དང་། ངོ་བོ་གྲང་རླུང་ཤས་ཆེ་ཤིང་རྩ་དཀར་ནག་ལ་གནས་པའི་རླུང་སྤྱི་དང་བྱེ་བྲག་ཏུ་སྲོག་འཛིན་དང་ཁྱབ་བྱེད་རླུང་གི་བྱེད་ལས་འགྲིབ་པའམ་ཉམས་པར་གྱུར་བའི་ནད་ཅིག་དང་དེ་ལ་ཁ་ཟས་སྣུམ་བཅུད་ཚ་སྐྱུར་རིགས་ཡུན་རིང་བསྟེན་པ་དང་། དྲག་ཤུལ་གྱི་ལས་དང་སེམས་ལས་ཆེ་བའམ་ཡང་ན་གློ་བུར་དུ་སེམས་ལ་ཕོག་ཐུག་དྲག་པོ་བཏང་བ་དང་། འགུལ་སྐྱོད་བྱས་པ། ཤེད་ཤུགས་བཏོན་པ་སོགས་ཀྱི་རྐྱེན་ལས་ཀླད་པའི་ཁྲག་རྩ་གས་རྡོལ་བྱུང་བའམ་ཁྲག་རྩ་འཁར་འགག་བྱས་པ་ལས་བྱུང་བའི་ནད་ཅིག་ཡིན།
脑卒中俗称“中风”,是一种急性脑血管疾病,是由于脑部血管突然破裂或因血管阻塞导致血液不能流入大脑而引起脑组织损伤的一种疾病。
脑卒中包括缺血性和出血性卒中,其中缺血性卒中占60-70%,脑卒中具有高发病率、高死亡率、高复发率以及高致残率的特点。并且,我国脑卒中的发病人群也日趋年轻化。有调查表明,中国脑卒中患者发病年龄偏轻(平均65岁左右,而发达国家75岁左右),可能与中青年人吸烟饮酒等不良生活习惯相关。高海拔地区脑卒中患者中脑出血的比例更高,患者如果在脱离急性期后马上进行康复训练,将大幅降低致残率。在康复治疗普及进程中存在着供需矛盾,为确实解决群众对此项诊疗的需求,在青海省中藏医药管理局的扶持帮助下,我院增置了下肢外骨骼康复机器人、足底压力分布评估与训练系统、床边下肢主被动训练系统等智能康复设备投入临床使用,将传统藏医康复方式与现代智能康复理疗技术相结合,进一步提升了康复服务质量,满足人民群众日益增长的康复需求。
小贴士
དྲན་སྐུལ།
如何识别脑卒中?
脑卒中的预警信号包括:
口眼歪斜,流口水,眼前发黑,看东西重影,眼皮突然耷拉下来,胳膊腿无力,麻木, 晕倒,突然头痛,走路跑偏,站立或走路后头晕,整体感觉像睡不醒,爱忘事儿等
脑卒中是不是治几天就行了?
脑卒中的治疗至少要持续三个月!前三个月是康复的关键时期,也是复发的高峰期,坚持前三个月的治疗非常重要。
གཟའ་གྲིབ་ནད་པ་དུས་ཡུན་ག་ཚོད་ལ་གསོ་བཅོས་བྱས་ན་འགྲིག
གཟའ་གྲིབ་ནད་པ་མ་མཐའ་ཡང་ཟླ་གསུམ་རིང་ལ་གསོ་བཅོས་བྱ་དགོས་ཤིང་། ནད་ཕོག་མ་ཐག་པའི་ཟླ་གསུམ་ནི་ཁམས་སོས་ཀྱི་གནད་འགག་དུས་སྐབས་ཡིན་ཞིང་ནད་སླར་ལྡང་བའི་མཐོ་རླབས་ཤིག་ཀྱང་ཡིན། དེ་བས་ཟླ་སྔོན་མ་གསུམ་གྱི་གསོ་བཅོས་རྒྱུན་འཁྱོངས་བྱེད་རྒྱུ་ཤིན་ཏུ་གལ་ཆེན་ཡིན།
正确观点
ཡང་དག་པའི་ལྟ་བ།
༡ 80%ཡན་གྱི་གཟའ་གྲིབ་ནད་པ་སྔོན་འགོག་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་གནམ་ཁབ་ལ་བརྟེན་ནས་སྔོན་འགོག་བྱེད་པ་ཚན་རིག་དང་མཐུན་པ་ཞིག་མིན།
༢ ཁྲག་ཤེད་རྒྱུན་ལྡན་གྱི་མི་ལ་རྒྱུ་རྐྱེན་གཞན་པའི་ནད་ཕོག་སྲིད་པ་ཡིན།
༣ ལོ་ན་རྒན་གཞོན་མེད་ཅིང་ཤ་ཚོ་སྐམ་གང་ལ་ཡང་འབྱུང་སྲིད་པ་ཡིན།
༤ ཁམས་སོས་གསོ་བཅོས་ངེས་པར་ཏུ་བྱེད་དགོས་ཏེ། དེ་མིན་ཚེ་གང་བོར་སླར་སོས་བྱེད་དཀའ།
༥ གཟའ་གྲིབ་ཕོག་རྗེས་མྱུར་མོར་ཚད་ལྡན་སྨན་ཁང་ནས་བརྟག་བཅོས་བྱ་དགོས།
༦ ཁམས་སྲུང་ཐོན་རྫས་མང་ཆེ་ཤས་ལ་ནད་གཞི་སྔོན་འགོག་དང་གསོ་བཅོས་ཀྱི་ནུས་པ་མེད།
1.超过80%的卒中是可预防的,但输液预防并不科学
2.血压正常的人可能因为其他因素患病
3.所有年龄段的人不论胖瘦都可能发生
4.需要进行康复治疗,否则可能终生无法恢复
5.发生卒中症状后立即去正规医院就医
6.保健品大多没有预防和治疗疾病的效果
错误观点
ནོར་འཁྲུལ་གྱི་ལྟ་སྟངས།
༡ ལོ་རེར་ཐེངས་གཉིས་ལ་གནམ་ཁབ་བརྒྱབ་ན་གཟའ་གྲིབ་སྔོན་འགོག་ཐུབ།
༢ ཁྲག་ཤེད་རྒྱུན་ལྡན་ནམ་ཅུང་དམའ་ན་གཟའ་གྲིབ་ཕོག་མི་ཐུབ།
༣ གཟའ་གྲིབ་ནི་རྒན་པར་བྱུང་བ་ལས་ཤ་སྐམ་པའི་རིགས་ལ་མི་འབྱུང་།
༤ གཟའ་གྲིབ་ཕོག་རྗེས་ཟླ་གཅིག་ལ་གསོ་བཅོས་བྱས་ན་དྲག་བསྐྱེད་འབྱུང་ཐུབ་པར་འདོད་པ།
༥ དྲིལ་བསྒྲགས་སྣ་ཚོགས་ལ་ཡིད་ཆེས་ནས་རིན་གོང་ཆེ་བའི་སྨན་དང་ཕན་ནུས་ཆེ་བའི་སྨན་ལ་རྨོངས་དད་བྱེད་པ།
༦ ཁམས་སྲུང་ཐོན་རྫས་ཀྱིས་ཁྲག་རྩ་མཉེན་པ་དང་ཁྲག་ཞག་འཇུ་བར་ཡིད་ཆེས་པ།
1.只要每年输两次液,就能预防中风
2.血压正常或者偏低就不会得中风
3.只有老年人才会发生中风、瘦人不会得中风
4.中风后治疗1个月就会好
5.听信广告虚假宣传,迷信高价药、特效药
6.保健品可以软化血管、降胆固醇