༄༅མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་ལོང་རྒྱུ་མའི་ནད་ཀྱི་ཆེད་ལས་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་དང་རྒྱལ་ཡོངས་བོད་ལུགས་གསོ་རིགཕོ་ལོང་རྒྱུམའི་ནད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུའི་བརྡསྦྱོར༼གཏོང་ཐེངས་གཉིས་པ།༽
 
འབྲེལ་ཡོད་ལས་ཁུངས་ལ་ཞུ་དོན།
      བོད་ཀྱི་གསོ་བ་རིག་པའི་ཕོ་ལོང་རྒྱུའི་ནད་རིགས་བརྟག་བཅོས་ཀྱི་གཞུང་ལུགས་དང་ལག་ལེན་སྔར་ལས་ལྷག་པར་ཞིབ་འཇུག་གཏིང་ཟབ་དང་ཉམས་མྱོང་ཁྱབ་སྤེལ་དུ་གཏོང་ཆེད།༼མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཕོ་ལོང་རྒྱུ་མའི་ནད་ཀྱི་ཆེད་ལས་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་དང་རྒྱལ་ཡོངས་བོད་ལུགས་གསོ་རིག་ཕོ་རྒྱུ་ནད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ༽ད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་དྲུག་ནས་བཅུ་བདུན་བར་མཚོ་སྔོན་པོའི་བྱང་འགྲམ་རྐང་ཚ་རུ་བསྡུ་རྒྱུ་ཡིན་པས་ཉམས་མྱོང་ཞལ་ཤེས་མངའ་བའི་སྨན་པ་རྒན་གྲས་དང་ཆེད་ལས་མཁས་པ།ལག་ལེན་དོན་གཉེར་ཅན་གྱི་སྨན་པ་ཉམས་མྱོང་ཅན།གཞུང་ལུགས་མཐའ་ལ་དཔྱོད་པའི་དགེ་རྒན་ཆེན་མོ་དང་ཞིབ་འཇུག་སློབ་མ་སོགས་མདོར་ན་དེ་ལུགས་སུ་ཉམས་ཞིབ་ཡོད་མཁན་རྣམས་ཀྱིས་གོང་གི་བརྗོད་གཞིར་འཚམས་པའི་ལྗགས་རྩོམ་ལྷུག་སྩོལ་དང་ཚོགས་འདུར་མཉམ་ཞུགས་གནང་ནས་ཕོ་ལོང་རྒྱུ་མའི་ནད་རིགས་བརྟག་བཅོས་ཀྱི་བྱ་གཞག་གོང་ནས་གོང་དུ་སྤེལ་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་པར་རེ་འདུན་དང་ཐུགས་རྗེ་ཞུ་བ་ལགས།མཁྱེན་ལྡན་རྣམ་པའི་ལྗགས་རྩོམ་གནང་དུས་མཉམ་འཇོག་བྱ་དགོས་པ་གཤམ་
གསལ་དུ།
      དང་པོ།  དཔྱད་རྩོམ་བསྡུ་ལེན་གྱི་ནང་དོན།  
    ༡ ཕོ་ལོང་རྒྱུ་མའི་ནད་རིགས་ཀྱི་ཡིག་ཚང་ཞིབ་འཇུག་སྐོར།
    ༢ ཕོ་ལོང་རྒྱུ་མའི་ནད་ཀྱི་གྱུར་ཚུལ་ཞིབ་འཇུག་སྐོར།
    ༣ བལྟ་རེག་དྲི་གསུམ་གྱི་སྒོ་ནས་ཕོ་ལོང་རྒྱུ་མའི་ནད་ཀྱི་ངོས་འཛིན་ཚུལ།
    ༤ཕོ་ཤེལ་ལས་ནད་གཞི་ངོས་འཛིན་དང་རྩ་ཆུ་ནད་ལུགས་ཀྱི་ངོས་འཛིན་བར་གྱི་བསྡུར་དཔྱོད་ཞིབ་འཇུག་སྐོར།
    ༥  སྲིན་རིགས Helicobacter  pylorལ་བོད་ལུགས་གསོ་རིག་གི་ངོས་འཛིན་དང་བཅོས་ཐབས་ཞིབ་འཇུག་སྐོར།
    ༦  བོད་ཕྱི་ཟུང་འབྲེལ་སྒོས་ཕོ་ལོང་རྒྱུ་མའི་ནད་ཀྱི་བརྟག་བཅོས་ཞིབ་འཇུག་སྐོར།
    ༧  ཕོ་བའི་ནད་ལ་ཟས་སྤྱོད་བསྟེན་ཐབས་སྐོར།
    ༨  ཕོ་བའི་ནད་ཀྱི་ཆེད་སྤྱོད་ཁོང་སྨན་དང་ཁ་འཛིན། ཁ་ཚར །  ཁ་བསྒྱུར། ལྟག་སྤྲོད་སོགས་ནད་སྨན་སྤྲོད་ཚུལ་སྐོར།
    ༥ཕོ་ལོང་རྒྱུ་མའི་ནད་རིགས་ལ་སྦྱོང་བྱེད་ལས་ལྔའི་ལག་ལེན་དང་འཇམ་རྩུབ་དཔྱད་ཀྱི་བཅོས་བས་ཞིབ་འཇུག་སྐོར།
     ༦ བཅོས་དཀའ་བའི་ཕོ་ལོང་རྒྱུ་མའི་ནད་ཀྱི་བརྟག་བཅོས་ཉམས་ཞིབ་སྐོར།
    ༧  ཕོ་བའི་ནད་རིགས་སྔོན་འགོག་དང་མེ་དྲོད་སྲུང་ཐབས་སྐོར།
    ༨ ཕོ་ལོང་རྒྱུ་མའི་ནད་ཀྱི་བོད་ལུགས་གསོ་རིག་ནད་སྐྱོང་ཤེས་བྱའི་སྐོར། 
    ༩ཕོ་ལོང་རྒྱུ་མའི་ནད་རིགས་བརྟག་བཅོས་ཀྱི་ད་ལྟའི་གནས་བབས་དང་མ་འོངས་པའི་བསམ་གཞིགས་སྐོར།
      གཉིས་པ། རྩོམ་བསྡུའི་ཆ་རྐྱེན།
    ༼༡༽ལུང་ཁུངས་བཙུན་ཤིང་རང་ལུགས་ལྟ་བ་འབུར་དུ་ཐོན་པ།ཡིག་ཆ་དང་རིག་གཞུང་ཚད་ལྡན།སྡོམ་རྩིས་གྲངས་གཞི་དངོས་ཡོད།ལག་ལེན་བེད་སྤྱོད་རང་བཞིན་ཅན།རང་རྩོམ་རང་གིས་འགན་ལེན་པ། 
    ༼༢༽ཡིག་རིགས་བོད་རྒྱ་གང་རུང་ཡིན་ཆོག་ལ་དཔྱད་རྩོམ་ཡིག་འབྲུ་བཞི་སྟོང་དང་ནང་དོན་གནད་བསྡུས་ལ་ཡིག་འབྲུ་ལྔ་བརྒྱ་ལས་བརྒལ་མི་རུང་།ཡིག་རིགས་གང་ཡངMicrosoftWordཡིག་ཚགསA4པར་ངོས་ཡིན་དགོས། བོད་ཡིག་ཧི་མ་ལ་ཡ་དང་།དབྱིན་ཡིག་དང་གྲངས་ཀའི་་་ ཡིག་གཟུགསTimes New Romanཡིན་དགོས།
    ༼༣༽དཔྱད་རྩོམ་ལ་རྩོམ་བྱང་དང་ནང་དོན་གནད་བསྡུས། ཐ་སྙད་གཙོ་བོ། རྩོམ་གྱི་སྦྱོར་དངོས་རྗེས་གསུམ། ལུང་འདྲེན་ཡིག་ཆ་བཅས་རྩོམ་གྱི་སྒྲོམ་གཞི་ཚང་དགོས། 
    ༼༤༽རྩོམ་པ་བོའི་ཡིག་ཚགས།  རུས་མིང་དང་རྟེན།  བསླབ་གནས།   ལས་ཐོབ།   ལས་ཁུངས།  སྐད་འཕྲིན།གློག་རྡུལ་ཡིག་སྒམ་སོགས་ཁ་གསལ་དགོས།
    ༼༥༽།ཚོགས་འདུའི་དཔྱད་རྩོམ་བསྐུར་ཡུལ།  ཡིག་ཟམ།  1069434895@qq.com  དཔྱད་རྩོམའདེམས་མ་ཐག་ཚོགས་འདུའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་ཁོངས་སུ་བསྡུ་ཞིང་རྩོམ་པ་པོར་ཚོགས་ཞུགས་གདན་འདྲེན་བྱ་རྒྱུ་ཡིན་པ་ཐུགས་ལ་འདོགས་པར་འཚལ།གཞན་ཡང་རིག་གཞུང་དཔྱད་རྩོམ་ལེགས་ཤོས་དག་ཚོགས་རར་སྒྲོག་སྦྱོང་བྱེད་འཆར་ཡོད།
    ༼༦༽ རྩོམ་བསྡུ་མཚམས་འཇོག་དུས། ༢༠༡༨ལོའི་ཟླ༨པའི་ཚེས༡ཡིན།
      གསུམ་པ། འབྲེལ་གཏུགས་བྱ་ཡུལ།    མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས། 
                                        མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཕོ་མཆེར་ཚན་ཁག   
                                       རྐང་ཚ་རྫོང་བོད་སྨན་ཁང་།
    སྟག་འབྲུག་ཚེ་རིང་།    ༡༣༨༩༧༡༨༦༡༠༣
    ཚེ་འབུམ་རྒྱལ།           ༡༣༡༣༩༡༠༡༧༡༩
    རྡོ་རྗེ་ཚེ་རིང་།       ༡༣༡༣༩༠༨༧༧༠༠
     ཤེས་རབ།                ༡༥༢༩༧༠༢༨༧༨༧    
 
 
                                               མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས།
                                                         ༢༠༡༨ལོའི་སྤྱི་ཟླ༧པའི་ཚེས༡༧ལ།



关于召开藏医胃肠病专业委员会成立大会暨全国藏医
胃肠病专题学术
研讨会第二轮通知
 
各有关单位:
      为进一步传承和研究藏医药,更好的发挥藏医诊治胃肠病的特色和优势,我会定于2018年8月16-17日在海北州刚察县举办“青海省藏医药学会胃肠病专业委员会成立大会暨全国藏医胃肠病专题学术研讨会”,热诚欢迎从事胃肠病专业的同仁、科研工作者、学术爱好者踊跃投稿,积极参会。现将有关事宜通知如下:
      一、组织机构
    主办单位:青海省藏医药学会
    承办单位:刚察县藏医院
    青海省藏医院脾胃科
      二、会议名称:
      青海省藏医药学会藏医胃肠病专业委员会成立大会暨全国藏医胃肠病专题学术研讨会
      三、特邀专家:
  尼     玛     国医大师、青海省藏医院
  多     吉     副主任医师、西藏自治区藏医院
  华 尔 江    主任医师,四川省阿坝州藏医院
  智     华     副主任医师,甘肃省甘南州藏医院
  柏 秀 英     副主任医师,云南省迪庆州藏医院
  久美多杰  主任医师,黄南州河南县蒙藏医院
  开差洛江  主任医师,玉树州囊谦县藏医院
  久美宗智  主任医师,黄南州泽库县藏医院
      四、会议要求:
      免收会务费,食宿统一安排(刚察县藏医院承担),交通费自理,参会人员请着民族服装。
      五、学术会主题及征文内容(见附件1)
      六、回执(见附件2)
      请各单位将会议回执于8月10日前发给会议联系人,本次会议可发电子版回执,也可邮寄纸质版回执。
      七、会议时间、地点及联系方式
    1、会议时间:2018年8月16日-17日,15日全天报到,17日下午离会。
    2、报名地点:刚察县藏城蕃域林卡酒店
    3、会议地点:刚察县藏城蕃域林卡酒店会议室
    4、地    址:刚察县南大街海滨藏城核心区
    5、邮    箱:1069434895@qq.com
    6、联 系 人: 斗周才让 13897186103
                          才 本 加   13139101719
                         多杰才让  13139087700
                          谢    热   15297028787
 
附件1:全国藏医胃肠病专题学术研讨会征文内容
附件2:报名回执表
 
                           青海省藏医药学会
                           2018年7月17日